འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་གནས་གསུམ་གྱིས་སྒོར་དུང་ཕྱུར་300གཏོང་རྒྱུའི་
    ཐོན་ལས་མཐུད་སྦྲེལ་རྣམ་གྲངས་ཐོག་མིང་རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་24ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་21ཉིན་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་གནས་གསུམ་གྱིས་མཉམ་འབྲེལ་ཐོག་པེ་ཅིང་དུ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཚོང་འགུགས་འོས་སྦྱོར་གྱི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། ཚོགས་ར་གཙོ་བོའི་ཐོག་མིང་རྟགས་བཀོད་པའི་མཉམ་ལས་རྣམ་གྲངས་ཀྱི་མ་དངུལ་གཏོང་གྲངས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་311.7ཟིན་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། “མཐུན་སྦྱོར་གྱིས་གསེད་བཀྲོལ་ལ་སྐུལ་འདེད་གཏོང་དགོས། ཕྱོགས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་གཏོང་དགོས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ད་ཐེངས་ཀྱི་ཚོང་འགུགས་འོས་སྦྱོར་གྱི་ཆེད་དོན་བྱ་སྤྱོད་ནི་བཟོ་འཕྲིན་པུའུ་འཆར་འགོད་སི་དང་ཐོན་ལས་སི་ཡི་ཞིབ་ཕྲའི་མཛུབ་སྟོན་འོག་སྤེལ་བ་ཞིག་རེད། དེའི་དམིགས་ཡུལ་ནི་ཐོན་ལས་སྦྲེལ་མཐུད་ཀྱི་ལས་སྟེགས་བསྐྲུན་ནས་དེ་སྔའི་ཆ་འཕྲིན་གཅིག་པ་མིན་པ་དང་སྦྲེལ་མཐུད་གོ་རིམ་ཟང་ཟིང་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་རེད། གསེད་བཀྲོལ་ལེགས་སྒྲིག་བྱ་རྒྱུ་དང་ཐེན་ཅིན་དང་ཧོ་པེར་མ་འཇོག་གི་དགོས་མཁོ་ཡོད་པའི་པེ་ཅིང་གི་ཁེ་ལས་200ལྷག་ཙམ་དང་ཐེན་ཅིན་དང་ཧོ་པེའི་གསར་སྤེལ་ཁུལ་30ད་ཐེངས་ཀྱི་ཚོང་འགུགས་བྱེད་སྒོར་མཉམ་དུ་ཞུགས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 《པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད་》ལག་བསྟར་བྱས་ནས་ལོ་གཉིས་སོང་ཚུན། པེ་ཅིང་གིས་ཐེན་ཅིན་དང་ཧོ་པེར་བཏང་བའི་མ་དངུལ་ཐད་འཕེལ་ཕྱོགས་ཆེན་པོ་ཐོན་ཞིང་། 2015ལོར་པེ་ཅིང་གི་ཁེ་ལས་ཀྱིས་ཐེན་ཅིན་དང་ཧོ་པེར་མ་དངུལ་སྒོར་དུང་ཕྱུར་1642བཏང་བ་དེ་2014ལོ་དང་བསྡུར་ན་ལྡབ་2.5འཕར་ཡོད་པ་དང་། 2016ལོར་པེ་ཅིང་གི་ཁེ་ལས་ཀྱིས་ཐེན་ཅིན་དང་ཧོ་པེར་མ་དངུལ་སྒོར་དུང་ཕྱུར་899དང་སྒོར་དུང་ཕྱུར་1140སོ་སོ་གཏོང་རྒྱུ་ཁས་ལེན་བྱས་པ་དེ་26%དང་100%སོ་སོར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།