འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཧེ་ཡན་རྫོང་གསེར་ཐང་གྲོང་ཚོའི་གྲོང་མི་ལི་ཧྲེང་ཕུའུ་ཡིས་“སྦོ་སྒྱེ་སྒྱེ་བྱས་ནས་
    སྐྱོད་ཐུབ་སོང”ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ས་བབ་མཐོ་ཚད་སྨི་3200ཟིན་པའི་མཚོ་སྔོན་ཞིང་ཆེན་ཧེ་ཡན་རྫོང་གསེར་ཐང་གྲོང་ཚོ་ནི་ཝང་ལུའོ་པིན་གྱིས་དེ་སྔོན་བརྩམས་པའི་གླུ་གཞས་《ཐག་རིང་གི་ས་ཆ་དེ་ན་》ཞེས་པའི་གསེར་ཐང་དངུལ་ཐང་གི་རྩྭ་ཐང་དུ་ཆགས་པ་དང་། 2016ལོ་མཇུག་ཏུ་ཞིང་འབྲོག་བར་བརྒལ་ཁུལ་གྱི་གྲོང་ཚོ་དེ་དབུལ་སྒྲོལ་ཐུབ་པ་རེད།
          “འདི་ཁུལ་དུ་ས་རྒྱུ་གཤིན་པོ་མེད་པས་ལོ་བཅུ་ནས་ལོ་དགུ་རང་བྱུང་གནོད་འཚེ་ཐོན་གྱི་ཡོད”ལི་ཧྲེང་ཕུའུ་ཡིས“དཀའ་ལས་ག་ཚོད་ཡོད་ཀྱང་ལས་ཀ་ཧུར་ཐག་བྱས་ཚེ་རེ་བ་ཡོད་ངེས་ཡིན”ཞེས་བརྗོད། ཡིན་ནའང་ལོ་འགའ་ཞིག་གོང་དུ་བཟའ་ཟླ་ལེ་ཡུས་ཕིང་ལ་ནད་གཞི་ལྕི་པོ་ཕོག་ནས་ཁྱིམ་ཚང་དེ་བས་ཉམས་རྒུད་དུ་སོང་།
           ལེ་ཡུས་ཕིང་གིས“ནད་གཞི་དེས་རྐྱེན་པས་བུ་ལོན་མང་པོ་ཟུག་སོང”ཞེས་བཤད། ན་ནིང་དབུལ་སྐྱོར་ལས་དོན་ཚོགས་ཆུང་ཁོང་ཚོའི་ཁྱིམ་དུ་ཡོང་ནས་གནས་ཚུལ་ཤེས་རྟོགས་བྱས་རྗེས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པ་དང་འབྲེལ་བ་བྱས་ཏེ་ལེ་ཡུས་ཕིང་ལ་གཤགས་བཅོས་བྱས། “ཁྱོན་སྨན་ཡོན་སྒོར་ཁྲི་གཉིས་ལྷག་ཙམ་བཏང་བ་ཡིན། སྨན་བཅོས་འགན་བཅོལ་དང་ནད་ཆེན་རོགས་སྐྱོབ་ཀྱི་རྩིས་ཞུ་བྱས་རྗེས་རང་ཉིད་ཀྱིས་སྒོར་7000ལས་གཏོང་དགོས་མ་བྱུང”ཞེས་ལེ་ཡུས་ཕིང་གིས་བཤད།
          ནད་གཞི་བཅོས་རྗེས་བསམ་པའི་ཉམས་འགྱུར་ཡང་ལེགས་སུ་ཕྱིན་ནས་ལས་ཀ་བྱེད་སེམས་ཆེན་པོ་སྐྱེས། ལི་ཧྲེང་ཕུའུ་ཁྱོ་ཤུག་གཉིས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་སྲིད་ཇུས་དང་རང་གི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུའི་སེམས་ཐག་བཅད། ལི་ཧྲེང་ཕུའུ་ཡིས“ཁྱིམ་གྱི་རྨོ་ཞིང་མུའུ་12གྲོང་ཚོའི་མཉམ་སྡེབ་ཀྱིས་གཅིག་གྱུར་གཉེར་སྐྱོང་ལ་རྩིས་སྤྲད་པ་དང་། དབུལ་སྐྱོར་ཐོན་ལས་དངུལ་སྒོར་ཁྲི་3.2གྲོང་ཚོའི་ཆེད་ལས་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པས་ལོ་མཇུག་ཏུ་མ་གནས་ཀྱི་10%ལས་མི་དམའ་བའི་ཁེ་སྤོགས་རག་གི་འདུག ན་ནིང་སྐྱེད་མེད་དངུལ་བུན་སྒོར་ཁྲི་5སྤྱད་ནས་བོད་ལུག་100ལྷག་ཙམ་ཉོས་ནས་རྒྱགས་གསོ་བྱས་པ་དང་། ལུག་50ལྷག་ཙམ་བཤས་བཏང་བར་སྒོར་6000ལྷག་ཙམ་རག་བྱུང”ཞེས་ལི་ཧྲེང་ཕུའུ་ཡིས་འཛུམ་དམུལ་དམུལ་ངང་བརྗོད།
          “ད་ཆ་མཉམ་ལས་ཁང་གི་གཤམ་དུ་ནོར་ལུག་གསོ་ཚགས་ར་བ་དང་། སྣོད་བཅུད་བྱ་གསོ་ར་བ། གཟན་ཆག་བཟོ་གྲྭ་བཅས་ཡོད”ཅེས་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ལི་ཅུན་ཧྥ་ཡིས་བརྗོད། ཁོང་གིས་“དེ་རིང་ལུག་370བཙོངས་མ་ཐག་ཡིན་པས་ཁེ་བཟང་སྒོར་ཁྲི་4ཙམ་བྱུང་ཞེས་བཤད།
         “ལུག་རྒྱགས་གསོར་ཁེ་བཟང་ཡག་པོ་བྱུང་། འདི་ལོ་གཞི་ཁྱོན་མུ་མཐུད་ཆེ་རུ་གཏོང་རྩིས་ཡོད”ཅེས་ལི་ཧྲེང་ཕུའུ་ཡིས་བརྗོད། ཁོང་གིས་དེ་སྔོན་རྟག་ཏུ་བུ་ལོན་གཡར་ནས་མགོ་བཀྱག་མི་ཐུབ་པ་ནས་ད་ཆ་སྲིད་ཇུས་ལ་བརྟེན་ཏེ་དལ་གྱིས་བུ་ལོན་འཇལ་ཐུབ་པའི་བར“སྦོ་སྒྱེ་སྒྱེ་བྱས་ནས་སྐྱོད་ཐུབ་སོང”ཞེས་ལོ་50ལ་སླེབས་པའི་ཕོ་རྒོད་དེའི་འདྲེན་བྱེད་ཟུང་ལ་དགའ་སྤྲོའི་མཆི་ཞག་འཁོར་བཞིན་བཤད།
      

    ཕྱོགས་བསྡུས་གསར་འགྱུར།