འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་ན་ནིང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བའི་མ་དངུལ་གྱིས་ནོར་སྲིད་གཏོང་
    འབོར་གྱི་79.8%ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་23ཉིན་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་བོད་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ནོར་ཤུགས་བསྡོམས་འབོར་སྒོར་དུང་ཕྱུར་1730.86ཟིན་པ་དེ་ན་ནིང་ལོ་སྟོད་ཀྱི་སྔོན་རྩིས་ལས་སྒོར་དུང་ཕྱུར་535.3མང་དུ་སོང་ཡོད། དེའི་ནང་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བའི་མ་དངུལ་སྒོར་དུང་ཕྱུར་1266ཟིན་པ་དེས་ནོར་སྲིད་གཏོང་འབོར་གྱི་79.8%ཟིན་ཡོད། ལོ་4ཙམ་རིང་བོད་ཀྱིས་ལོ་ལྟར་ནོར་ཤུགས་ཀྱི་བརྒྱ་ཆ་བདུན་ཅུ་ཡན་དམངས་འཚོའི་ཐད་བཏང་ནས་ལོ་4རིང་ལྡབ་གཅིག་འཕར་ཞིང་། གཞན་ཡང་བོད་དུ་གཞི་རིམ་ནོར་སྲིད་ཀྱི་ནོར་ཤུགས་ཁ་གསབ་མཐོ་རུའང་བཏང་བ་རེད།
          གསར་འགོད་པས་བཅར་འདྲི་བྱེད་རིང་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱིས་2016ལོར་དམངས་འཚོའི་མ་དངུལ་བཏང་བའི་ནང་སྒོར་དུང་ཕྱུར་85ལྷག་བསྡུ་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་པ་དང་། སྒོར་དུང་ཕྱུར་169དང་སྒོར་དུང་ཕྱུར་74སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་འཕེལ་རྒྱས་ལ་སོ་སོར་བཏང་ནས་རྒྱབ་སྐྱོར་བྱས་པ། ནོར་སྲིད་ཀྱི་ཞིང་ལས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་220.3ཟིན་པ། སྒོར་དུང་ཕྱུར་99.5དོན་འཁྱོལ་བྱས་ཏེ“4·25”ས་ཡོམ་གེགས་ཁུལ་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་པ། མ་དངུལ་སྒོར་དུང་ཕྱུར་30ལྷག་བཏང་ནས་སྤྱི་པའི་བོགས་གཏོང་ཁང་པ་སོགས་བསྐྱར་སྐྲུན་དང་གསར་སྐྲུན་བྱས་པ། སྒོར་དུང་ཕྱུར་47.08བཏང་ནས་རེས་སྐོར་གསར་པའི་རྩྭ་ཐང་སྣོད་བཅུད་ཁ་གསབ་ལམ་སྲོལ་དང་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་སོགས་ལག་བསྟར་བྱས་པ་བཅས་རེད།
         བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཅང་གོ་ཅེས་ངོ་སྤྲོད་བྱས་པར་གཞིགས་ན། ན་ནིང་ནོར་སྲིད་ཀྱིས་ཞིང་འབྲོག་པར་དངོས་བརྒྱུད་གཉིས་ནས་མི་རེར་སྒོར་4486ཁ་གསབ་བྱས་ཏེ་དམངས་ཕན་སྲིད་ཇུས་ལག་བསྟར་བྱ་རྒྱུ་ལོ་ལྟར་མང་དུ་བཏང་ཡོད། འདི་ལོར་བོད་ཀྱིས་ནོར་ཤུགས་སྤྱི་འདོམས་ཀྱིས་དམངས་འཚོའི་སྲིད་ཇུས་ཁག་33ལག་ལེན་བསྟར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།