འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་ཀྲོའུ་སྨན་རྩིས་ཁང་གི་བོད་སྨན་རིགས་34ལ་ཆོག་འཐུས་ཡིག་ཨང་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་25ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་བདེ་ཆེན་ཀྲོའུ་སྨན་རྩིས་ཁང་གི་བོད་སྨན་རིགས་34ལ་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཆོག་མཆན་ཐོབ་པ་ལས་སྨན་ཁང་དེའི་བོད་སྨན་ཁྲིམས་མཐུན་ཅན་དུ་འགྱུར་བའི་འཕེལ་རིམ་གྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་གྱི་ཡོད།
            སྨན་བཅོས་སྒྲིག་གཞིའི་སྨན་རྫས་ཞེས་པ་ནི་སྨན་བཅོས་སྒྲིག་གཞིས་ཚན་པ་དེ་གའི་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་གཞིར་བཟུང་ཆོག་མཆན་ཐོབ་པ་བརྒྱུད་བཟོས་པ་དང་རང་ཉིད་ཀྱིས་སྤྱོད་པའི་གཏན་འཇགས་སྨན་ཐོའི་ནང་ཚུད་པའི་སྨན་རྫས་ལ་ཟེར་ཞིང་། དེར་ནད་ཐོག་སྨན་བཅོས་ཀྱི་ཕན་འབྲས་བཟང་བ་དང་། ཁྲོམ་རར་མཁོ་སྤྲོད་བྱས་མེད་པ། རང་གཤིས་ཅན་གྱི་སྨན་སྤྱོད་ཞབས་ཞུ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཆོག་འཐུས་ཡིག་ཨང་སྤྲོད་རྒྱུའི་རེ་འདུན་ཞུ་བའི་གོ་རིམ་དང་སྨན་རྫས་དཀྱུས་མའི་རེ་འདུན་ཞུ་བའི་བརྒྱུད་རིམ་སྤྱིར་ན་གཅིག་མཚུངས་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་ཀྲུང་ལུགས་སྨན་རྫས་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་ཀྲུང་ལུགས་སྨན་རྫས་ལ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཧ་ཅང་ནན་པོ་ཡོད་པ་རེད།
          མིག་སྔར། སྨན་བཅོས་སྒྲིག་གཞིའི་སྨན་རྫས་116ལ་ཆོག་འཐུས་ཡིག་ཨང་ཐོབ་པའི་ཀྲོའུ་སྨན་རྩིས་ཁང་ནི་ཡུན་ནན་ཞིང་ཆེན་གྱི་ཆོག་འཐུས་ཡིག་ཨང་དེ་རིགས་ཐོབ་མང་ཤོས་ཀྱི་སྨན་བཅོས་སྒྲིག་གཞི་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།