འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡི་བོད་རིགས་ས་ཁུལ་སོགས་ལ་སློབ་ཞུགས་གོང་གི་ལོ་གསུམ་རིང་ན་འདྲེས་སློབ་ཞུགས་
    བྱེད་ཚད་90%ཟིན་ནས་རྒྱལ་ཁབ་ཀྱི་ཆུ་ཚད་ལས་མཐོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཤེས་རྟོགས་བྱས་པར། ཀན་སུའུ་ཡི་སློབ་ཞུགས་གོང་གི་ལོ་གསུམ་རིང་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཟིན་ནས“རྒྱལ་ཁབ་ཀྱི་ཆུ་ཚད”ལས་མཐོ་བ་ཡོད་པ་རེད།
          ཀན་སུའུ་ཞིང་ཆེན་གྱི་སྲིད་གྲོས་ཨུ་ཡོན་སློབ་གསོ་ཐིང་གི་ཐིང་ཀྲང་ཝང་ཅ་དབྱིས་ངོ་སྤྲོད་བྱས་པ་ལྟར་ན། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ནས་བལྟས་ན། 2010ལོར་ཀན་སུའུ་ཞིང་ཆེན་ཡོངས་སུ་བུ་བཅོལ་ཁང་2407ལས་མེད་པ་དང་། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་ཚད་གཞིར་ཚད་འཇལ་གྱི་སློབ་ཞུགས་གོང་གི་ལོ་གསུམ་རིང་ན་འདྲེས་སློབ་ཞུགས་བྱེད་ཚད་39.68%ལས་མེད་པ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་བརྒྱ་ཆའི་གྲངས་56.6དང་བསྡུར་ན། ཧེ་བག་བརྒྱ་ཆའི་གྲངས་16.92ཡོད་པ་ནི་ཞན་ཆའི་ནང་གི་ཞན་ཆ་ཡིན་པ་རེད།
          དབུལ་སྐྱོར་བྱེད་པར་སྔོན་ལ་རིག་སྐྱོར་བྱེད་དགོས། ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་གྱིས་སློབ་གསོ་སྔོན་དུ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་སློབ་གསོ་སྒྱུར་བཅོས་རྒྱུན་མི་ཆད་པར་ཟབ་ཏུ་བཏང་བ་དང་། གཞུང་སྐྲུན་དམངས་གཉེར་དང་དམངས་སྐྲུན་གཞུང་རོགས་སོགས་བབ་བསྟུན་སྣ་མང་གི་བུ་བཅོལ་ཁང་གཉེར་སྟངས་འཚོལ་ཞིབ་བྱས་པ། སློབ་ཞུགས་གོང་གི་སློབ་གསོ་དེ་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཏུ་ཁྱབ་པར་སྐུལ་མ་བཏང་བ་བཅས་ཀྱི་སྒོ་ནས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་ཁྱོན་ཆེ་རུ་བཏང་བ་རེད།
         2016ལོར་ཀན་སུའུ་རུ་བུ་བཅོལ་ཁང་2465བསྐྲུན་ནས་སློབ་ཞུགས་གོང་གི་ལོ་གསུམ་རིང་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཟིན་ནས། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་ལོ་གོང་མ་ལས་15%མཐོ་རུ་ཕྱིན་ཡོད། ཞིང་ཆེན་ཡོངས་སུ་སྤྱིར་ན་ཤང་གྲོང་དང་། རྫོང་དབུལ་པོ་85ཡི་མི་1500ཡན་གྱི་སྲིད་འཛིན་གྲོང་ཚོ་དང་། ཆ་སྒྲིག་རྫོང་17གྱི་སྲིད་འཛིན་གྲོང་ཚོ། གསར་བརྗེ་ཁུལ་རྙིང་གི་སྲིད་འཛིན་གྲོང་ཚོ། བོད་རིགས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་བཅས་ཀྱི་བུ་བཅོལ་ཁང་ལ“ཁྱོན་ཡོངས་ཁྱབ་པ་ལྔ”མངོན་འགྱུར་ཐུབ་པ་རེད།
         ཝང་ཅ་དབྱིས་གོམ་སྟབས་རྗེས་མར་ཀན་སུའུ་ཞིང་ཆེན་གྱིས་སློབ་ཞུགས་གོང་གི་སློབ་གསོའི་འཆར་གཞི་དུས་ཐེངས་གསུམ་པ་(2017ལོ་ནས་2020ལོའི་བར)བཟོས་ནས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ། སློབ་ཞུགས་གོང་གི་སློབ་གསོའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་ཞུགས་གོང་གི་སློབ་གསོར་ཚན་རིག་དང་མཐུན་པའི་ངང་སློབ་ཁྲིད་འགན་ལེན་གྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ཏེ། སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།