འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་རྒྱལ་ཁབ་རིམ་པ་དང་པོའི་རྟེན་རྫས་བཤམས་
    མཛོད་ཁང་དུ་རིམ་པ་སྤར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་23ཉིན། 17:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་དུས་ཀྲུང་གོའི་རྟེན་རྫས་བཤམས་མཛོད་ཁང་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་ཚིགས་སུ་《རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་ཁག་གསུམ་པའི་རིམ་པ་གཏན་འཁེལ་གྱི་དཔྱད་དཔོག་བྱས་འབྲས་སྐོར་གྱི་སྤྱི་བསྒྲགས་》སྤེལ་ནས། ཁག་གསུམ་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་34ཡི་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་མཚོ་སྔོན་ཞིང་ཆེན་གྱི་རྟེན་རྫས་བཤམས་མཛོད་ཁང་ཡང་ཡོད་པ་རེད།
          རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་ནི་ཀྲུང་གོའི་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་ལས་རིགས་དོ་དམ་ལ་ཤུགས་སྣོན་དང་། རྟེན་རྫས་བཤམས་མཛོད་ཁང་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་འདོན་སྤེལ་གང་ལེགས་བྱས་ཏེ། རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ནང་གི་དངོས་སུ་ཐོ་འགོད་དང་ལོ་བཤེར་དང་ལེན་བྱེད་མཁན་གྱི་རིག་དངོས་དང་དམར་དཔེ་ཉར་ཚགས་དོ་དམ་དང་། ཚན་རིག་ཞིབ་འཇུག བཤམས་སྟོན་འགྲེམས་སྟོན་བཅས་ཀྱི་བྱེད་ནུས་ལྡན་པའི་རིགས་དང་། ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བའི་རྟེན་རྫས་བཤམས་མཛོད་ཁང་སྣ་ཚོགས་ལ། རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་དཔྱད་དཔོག་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་དོ་དམ་དང་། རྨང་གཞིའི་སྒྲིག་བཀོད། ཉར་ཚགས་དངོས་པོ་དོ་དམ་སོགས་ཀྱི་ཐད་ཕྱོགས་བསྡུས་དཔྱད་མོལ་བྱས་པ་བརྒྱུད། སྐར་མ་བརྒྱབ་སྟེ་ཐོན་པའི་རྟེན་རྫས་བཤམས་མཛོད་ཁང་གི་རིམ་པ་མཐོ་ཤོས་ཀྱི་དབྱེ་སྟངས་ཤིག་རེད།
           ཐེངས་འདིར། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་ལ་བདམས་པ་དེས་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་མེད་པའི་སྟོང་ཆ་བསྐངས་པ་མ་ཟད། མཚོ་སྔོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་སྤྱི་ཡོངས་ཀྱི་གཟུགས་བརྙན་ལེགས་སུ་འགྲོ་བ་དང་། རྟེན་རྫས་བཤམས་མཛོད་ཁང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ཡང་ལྡན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།