འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་
    པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་
པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཤིང་། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ་གྱིས་གོ་རིམ་ཡོངས་ཡི་གེ་དང་པར་རིས་གཉིས་ཀྱི་ཐོག་ནས་ཐད་གཏོང་བྱ་རྒྱུ་ཡིན་པས། སྐུ་ཉིད་ཀྱིས་ལག་ཁྱེར་ཁ་པར་དང་མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ་གྱི་དྲ་ངོས། ཚོགས་འདུ་གཉིས་ཀྱི་ཆེད་དོན་བཅས་ཀྱི་ཐོག་ནས་ཐད་གཏོང་ལེ་ཚན་བལྟ་ཆོག
         ཐེངས་འདིའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ནི་ཁ་སང་ཕུལ་བའི་སྲིད་གཞུང་གི་ལས་དོན་སྐོར་གྱི་སྙན་ཞུའི་ནང་དོན་གཙོ་བོར་དམིགས་ནས་ཁྱབ་བསྒྲགས་དང་འགྲེལ་བཤད་བྱས་པ་རེད། ཐེངས་འདིའི་ཁྱབ་བསྒྲགས་ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི"འགྱུར་ལྡོག་བཞི"ཡི་འཕེལ་རྒྱས་བསམ་ཕྱོགས་ཀྱི་ཐོག་ནས"ཏན་ཏན་ཏིག་ཏིག་བཞི"ཡི་བླང་བྱ་གལ་ཆེན་ལ་སྐུལ་སྤེལ་དང་དོན་འཁྱོལ་གཏིང་ཟབ་པོ་བྱས་པ་རེད།  ཁྱབ་བསྒྲགས་ཚོགས་འདུའི་ཐོག་རྨ་ལྷོ་སོག་རིགས་རང་སྐྱོང་རྗོང་དང་། མཚོ་བྱང་ཁུལ། གཙང་གསུམ་ཆུ་འགོའི་རྒྱུད་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་། མཚོ་ཤར་བཟོ་ལས་སྡེ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་སྡེ་ཚན་5ཡིས་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། མི་རིགས་མཐུན་སྒྲིལ་འཛུགས་སྐྱོང་དང་། ཞིང་འབྲོག་ལས་རིགས་འཕེལ་རྒྱས། སྐྱེ་ཁམས་འཛུགས་སྐྱོང་། “རྒྱུད་གཅིག་ལམ་གཅིག”འཕེལ་རྒྱས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་སྒྱུར་བ་སོགས་ཀྱི་གནད་དོན་དང་འབྲེལ་བ་ཡོད་པ་རེད།
    ༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་
པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
    ༄༅།།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དྲུག་
པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།