འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་སོང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན་ཏེ། དཔྱིད་གསར་སྐྱེལ་འདྲེན་ཉིན་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་864.5བསྐྱལ་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་170.8འཕར་བ་དང་འཕར་ཚད་24.6%ཟིན་ཡོད་པ་རེད།
             ཚེས་13ཉིན་པེ་ཅིང་ལྕགས་ལམ་ཅུས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་93.5བསྐྱལ་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་20འཕར་བ་དང་འཕར་ཚད་27.1%ཟིན་པ་དང་། ཧྲང་ཧའེ་ལྕགས་ལམ་ཅུས་ཀྱིས་འགྲུལ་པ་མི་ཐེངས་ཁྲི་177.8བསྐྱལ་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་34.9འཕར་བ་དང་འཕར་ཚད་24.4%ཟིན་པ། ཀོང་ཏུང་ལྕགས་ལམ་ཚོགས་པས་འགྲུལ་པ་མི་ཐེངས་ཁྲི་118.4བསྐྱལ་བ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་14.4འཕར་བ་དང་འཕར་ཚད་13.8%ཟིན་པ་བཅས་རེད། ཚེས་14ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་ཁྲི་865བསྐྱལ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར་469ཁ་སྣོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།