འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅༎མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དྲ་རྒྱ་སྤྱོད་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱི་དྲ་རྒྱ་དངོས་སུ་སྤྱོད་འགོ་ཚུགས་པ་དེས་ཁེ་ལས་འབྲིང་ཆུང་ལ་དྲ་ཐོག་དང་དྲ་ཕྱིའི་མ་རྩ་མཉམ་འདྲེས་སྦྲེལ་མཐུད་དང་ཤེས་ལྡན་པ་གསོ་སྦྱོང་སོགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་རྒྱུ་རེད།
        ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་དེར་ཞིང་ཆེན་རིམ་པའི་ལྟེ་གནས་ཞབས་ཞུའི་ལས་སྟེགས་1དང་། ཕྱོགས་བསྡུས་རང་བཞིན་གྱི“སྐར་ཁུང”ཞབས་ཞུའི་ལས་སྟེགས་9 ཐོན་ལས“སྐར་ཁུང”ཞབས་ཞུའི་ལས་སྟེགས་11བཅས་བསྐྲུན་ནས་ཞིང་ཆེན་དེ་ཡོངས་སུ་ཁྱབ་པ་དང་འབྲེལ་དྲ་སྦྲེལ་མཉམ་འགུལ་ཐུབ་པའི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་མ་ལག་ཅིག་ཆགས་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཞའོ་ཉིང་གིས་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཀྱིས་གཙོ་བོ་ཞིང་ཆེན་དེ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་བཅའ་ཁྲིམས་ཀྱི་ཞབས་ཞུ་དང་། མ་རྩ་མཉམ་འདྲེས་ཀྱི་ཁག་ཐེག ལས་གཏོད་ཟུར་ཁྲིད། ལག་རྩལ་གསར་གཏོད། དོ་དམ་བློ་འདྲི། ཁྲོམ་ར་རྒྱ་སྐྱེད། ཆ་འཕྲིན་ཅན་ཉམས་ལེན། གསོ་སྦྱོང་། རྣམ་གྲངས་གྲོས་མོལ། གྲུབ་འབྲས་དང་དེ་བཞིན་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ཞབས་འདེགས་ཞུ་གི་ཡོད། དུས་མཚུངས་ཁེ་ལས་འབྲིང་ཆུང་གི་ཐུན་མོང་རང་བཞིན་དང་ཁྱད་ཆོས་ཀྱི་དགོས་མཁོ་གཞིར་བཟུང་། ཁེ་ལས་འབྲིང་ཆུང་ལ་ཚན་རྩལ་གསར་གཏོད་དང་། ཁྲོམ་ར་རྒྱ་སྐྱེད། མི་ཤུགས་ཐོན་ཁུངས། ཆ་འཕྲིན་ཅན་འཛུགས་སྐྱོང་། མ་ལག་གི་བདེན་དཔང་ར་སྤྲོད་སོགས་ཀྱི་ཁྱད་ལྡན་ཅན་གྱི་ཞབས་འདེགས་ཞུ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།