འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་པུས་གཞིས་ཆགས་པའི་ཆ་རྐྱེན་དང་འགྲོ་ལམ་སྔར་བས་ལྷུག་ཏུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 14:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་སྤྱི་བདེ་ཐིང་གི་ཅུས་ཀྲང་ཚོགས་འདུའི་ཐོག་ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ལྷག་དོན་དུ་གཙོ་གནད་མི་ཚོགས་གཞིས་ཆགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཞིས་ཆགས་པའི་ཆ་རྐྱེན་སྔར་བས་ལྷུག་ཏུ་དང་གཞིས་ཆགས་པའི་འགྲོ་ལམ་ཡངས་སུ་གཏོང་དགོས་ཞེས་བཏོན་ཡོད།
            གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཐད་མི་རྒྱུ་སྦྲེལ་མཐུད་དང་མི་དང་ས་ཆ་སྦྲེལ་མཐུད་སོགས་ཀྱི་སྲིད་ཇུས་གང་ལེགས་སྤྱད་དེ་གྲོང་ཁྱེར་དུ་གཞིས་ཆགས་པའི་ཞིང་པའི་ཁེ་དབང་སྲུང་སྐྱོང་དང་གཞི་རྩའི་འགན་ལེན་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་ཀྱི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཏན་ཏིག་བྱས་ནས་མི་ཁྲི་1300གཞིས་ཆགས་ཐུབ་པའི་ལས་འགན་ལེགས་གྲུབ་ཡག་པོ་བྱེད་དགོས་ཞེས་བཏོན་ཡོད།
            རྒྱལ་ཁབ་ཀྱི་ཤེས་ལྡན་པའི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་ཐད། ཚོགས་འདུའི་ཐོག་ཕྱི་རྒྱལ་བ་རྒྱུན་སྡོད་དོ་དམ་སྲོལ་ཡིག་འདོན་རྒྱུར་སྐུལ་འདེད་གཏོང་བ་དང་ཕྱི་རྒྱལ་བའི་རྒྱུན་སྡོད་ལག་ཁྱེར་སྟབས་བདེ་ཅན་གྱི་སྒྱུར་བཅོས་ལག་ལེན་བསྟར་ནས་རྒྱུན་སྡོད་ཕྱི་རྒྱལ་བའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད།
           གཞན་ཡང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་དང་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུར་དམ་པོར་དམིགས་ཏེ“ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་འདེགས་ལེགས་སུ་གཏོང་བ་བཅས་ཀྱི”སྒྱུར་བཅོས་བྱ་ཐབས་ཁག་ལ་དམ་འཛིན་ཡག་པོ་དང“དྲ་སྦྲེལ+སྤྱི་བདེའི་སྲིད་དོན་ཞབས་ཞུ”སོགས་བསམ་འཆར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་གསར་པ་དེ་བས་མང་བ་ཞིབ་འཇུག་བྱས་ནས་འདོན་པ་དང་སྤྱི་ཚོགས་ཀྱི་གསར་གཏོད་གསོན་ཤུགས་སྔར་བས་འཕེལ་བ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།