འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཚན་ཞིབ་མི་སྣས་དམར་ཕྱིའི་འོད་ཐིག་གི་པར་ཆས་ཐོག་མར་སྤྱད་ནས་མདོ་ལ་རིང་མོའི་མཚོ་
    སྔོན་རྒྱུད་དུ་རི་དྭགས་ལ་བརྟག་དཔྱད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    2016ལོའི་ཟླ་8ཚེས་12ཉིན་དམར་ཕྱིའི་འོད་ཐིག་གི་པར་ཆས་ནས་པར་བླངས་པའི་གསའ།
    2016ལོའི་ཟླ་8ཚེས་12ཉིན་དམར་ཕྱིའི་འོད་ཐིག་གི་པར་ཆས་ནས་པར་བླངས་པའི་གསའ།
             མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་6པ་ནས་2017ལོའི་ཟླ་1པོའི་ཟླ་འགོའི་བར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་ཁོངས་སུ་ཚན་ཞིབ་མི་སྣས་དམར་ཕྱིའི་འོད་ཐིག་གི་པར་ཆས་ཐོག་མར་སྤྱད་དེ་མདོ་ལ་རིང་མོའི་མཚོ་སྔོན་རྒྱུད་དུ་གསའ་ཡོད་མེད་དང་། གྲངས་འབོར། དེ་བཞིན་སྲོག་ཆགས་ཀྱི་སྣ་མང་རང་བཞིན་སོགས་ལ་བརྟག་དཔྱད་བྱས་ནས་གསའ་དང་། འབྲོང་། འཕར་བ། གནའ་བ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གཅན་གཟན་རི་དྭགས་ལ་པར་བརྒྱབ་པ་རེད།
               ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཡན་ལིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། གོམ་སྟབས་རྗེས་མར་མདོ་ལ་རིང་མོའི་དབུས་རྒྱུད་མཚོ་སྔོན་རྒྱུད་ཀྱི་གསའི་གནས་ཚུལ་ལྟ་དཔྱད་ཚད་ལེན་བྱ་རྒྱུ་མ་ཟད། ཡུལ་དེར་གཞོགས་འདེགས་ཀྱིས་གསའ་སྲུང་སྐྱོབ་བྱ་རྒྱུ་ཡིན་པ་རེད།
    2016ལོའི་ཟླ་8ཚེས་14ཉིན་དམར་ཕྱིའི་འོད་ཐིག་གི་པར་ཆས་ནས་པར་བླངས་པའི་འཕར་བ།
    2016ལོའི་ཟླ་8ཚེས་14ཉིན་དམར་ཕྱིའི་འོད་ཐིག་གི་པར་ཆས་ནས་པར་བླངས་པའི་འཕར་བ།
      

    ཕྱོགས་བསྡུས་གསར་འགྱུར།