འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ནོར་སྲིད་པུའུ་ཀྲང་གིས་ཀྲུང་གོས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་དམའ་རུ་བཏང་
    ནས་དྲང་གཞག་མེད་པའི་ཉོ་ཚོང་གི་ལེགས་ཆ་ཐོབ་ཐབས་བྱས་མེད་ཅེས་བརྗོད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་10ཉིན། ཨ་རིའི་ནོར་སྲིད་པུའུ་ཀྲང་ཡ་ཀེ་པུའུ·ལུའུ་ཡིས་འདས་ཟིན་པའི་ཟླ་18རིང་ཀྲུང་གོས་མི་དམངས་ཤོག་སྒོར་གྱི་དངུལ་ལོར་གྱི་འཛའ་ཐང་སྲུང་ཆེད་སྤྱད་པའི་བྱེད་ཐབས་ལས། ཀྲུང་གོས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་དམའ་རུ་བཏང་ནས་དྲང་གཞག་མེད་པའི་ཉོ་ཚོང་གི་ལེགས་ཆ་ཐོབ་ཐབས་བྱས་མེད་པ་མངོན་ཡོད་ཅེས་བརྗོད།
            དེ་ཉིན་ཡ་ཀེ་པུའུ·ལུའུ་ཡིས་ཨ་རིའི་《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར་》གྱི་དྲ་ཚིགས་ཐོག་སྤེལ་བའི་ཆེད་མངགས་བཅར་འདྲི་ཞུ་བའི་རྩོམ་ཡིག་ནང་ལས་འགན་འཁུར་རྩིས་ཡོད་པའི་ཐེ་རོན་ཕུ་སྲིད་གཞུང་གིས་གལ་སྲིད་ཀྲུང་གོའི་སྲིད་ཇུས་དེ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་དམའ་རུ་བཏང་ནས་དྲང་གཞག་མེད་པའི་ཉོ་ཚོང་གི་ལེགས་ཆ་ཐོབ་པ་དང་གཅིག་མཚུངས་སུ་བརྩི་བ་དེ་ནི“ལྡོག་མེད་ཀྱི་ཉེན་ཁའི”བྱ་ཐབས་ཤིག་ཡིན་པ་མ་ཟད། ཁྲའོ་ཞན་གྱི་ཉིང་རྡུལ་སོགས་ས་ཁོངས་ཆབ་སྲིད་ཀྱི་གནད་དོན་དང་དེ་མིན་གྱི་དཔལ་འབྱོར་གྲོས་གཞིའི་ཐད་ཀྱི་ཨ་ཀྲུང་མཉམ་ལས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་པ་འཁོད་ཡོད་པ་རེད།
           《ཝར་ཅེ་ཁྲོམ་གཞུང་ཉིན་རེའི་ཚགས་པར་》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འདི་ལོའི་ཟླ་4པར་ཨ་རིའི་ནོར་སྲིད་པུས་ལོ་ཕྱེད་ཀྱི་དངུལ་ལོར་འཛའ་ཐང་སྲིད་ཇུས་སྙན་ཞུ་ཡོངས་བསྒྲགས་བྱེད་སྐབས། ཐེ་རོན་ཕུ་སྲིད་གཞུང་གིས་ཀྲུང་གོ་ནི“དངུལ་ལོར་གྱི་འཛའ་ཐང་སྟངས་འཛིན་རྒྱལ་ཁབ”ཡིན་པ་ཁྱབ་བསྒྲགས་བྱེད་སྲིད།
            ཉིན་ཤས་གོང་ཨ་རིའི་ཇུས་འདོན་ཚོགས་པའི་ཕི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་བསླབ་རྒན་ཞིབ་འཇུག་པ་དང་མཚན་འཛིན་སུའོ་ཀྲང་གཅིག་ལྕོགས་ཡིན་པའི་ཕུའུ་ལའེ་ཏེ·པོ་ཀེ་སེ་ཐེང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་ཕི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་ལས་མངོན་དོན། འདས་ཟིན་པའི་ལོ་གཉིས་རིང་ཀྲུང་གོས“དངུལ་ལོར་གྱི་འཛའ་ཐང་སྟངས་འཛིན”བྱས་མེད་པས། ཀྲུང་གོར“དངུལ་ལོར་གྱི་འཛའ་ཐང་སྟངས་འཛིན”གྱི་འབྲེལ་ཡོད་ཉེས་བགྲང་ཞུ་གཏུག་བྱས་པ་ནི་དོན་ལ་མ་གནས་པ་ཞིག་ཡིན་ཞེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།