འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སིའི་ན་མོར་ཡོད་པའི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་བཟོའི་ལས་གྲྭ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ལོ་སིའི་བྱང་རྒྱུད་ཝུའུ་ཏོ་མུའུ་སའེ་ཞིང་ཆེན་ན་མོ་རྫོང་གི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་བཟོའི་ལས་གྲྭ་དེ་ཚེས་10ཉིན་དངོས་སུ་འགོ་ཚུགས་ཤིང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ལང་པོ་ལ་མངའ་སྡེར་བཅའ་སྡོད་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག ཡུན་ནན་ཞིང་ཆེན་དམངས་སྲིད་ཐིང་། ལོ་སིར་ཡོད་པའི་ཀྲུང་གོའི་མ་འཇོག་སྒྲིག་གཞི་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་བཅས་ཀྱི་འཐུས་མི་དང་ལོ་སི་ཕྱོགས་ཀྱི་འཐུས་མི་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་ཡོད།
            ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀོན་ཧྭ་པིན་གྱིས་ལས་འགོ་འཛུགས་པའི་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་དེ་སྔོན་གཤེགས་དཔའ་བོར་རྗེས་དྲན་དང་མྱ་ངན་ཞུ་ཆེད། 1995ལོ་ནས་བཟུང་ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ལོ་ལྟར་མི་སྣ་བཀོད་སྒྲིག་བྱས་ཏེ་ལོ་སིར་ཡོད་པའི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོ་གསུམ་ལ་མཆོད་འབུལ་བྱེད་པར་སྐྱོད་པ་མ་ཟད། ལོ་སི་སྲིད་གཞུང་དང་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་ཀྲུང་གོའི་མ་འཇོག་སྒྲིག་གཞིས་ཐུན་མོང་ཐོག་བང་སོ་ཉམས་བཟོ་དང་མཆོད་འབུལ་བྱ་རྒྱུར་སྐུལ་མ་ཧུར་ཐག་གཏོང་གི་ཡོད། 2016ལོའི་ཟླ་9པར། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་《ལོ་སིར་ཡོད་པའི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་བཟོ་སྲུང་སྐྱོང་གི་གྲོས་ཆོད་》ལ་མིང་རྟགས་བཀོད་པ་དེ་ཐོག་ནས་ལོ་སིར་ཡོད་པའི་ཀྲུང་གོའི་སྔོན་གཤེགས་དཔའ་བོའི་བང་སོ་ཉམས་བཟོ་སྲུང་སྐྱོང་གི་ལས་གྲྭ་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།