འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“མཛེས་སྡུག་ལྡན་པའི་ཀྲུང་གོ·མཛེས་སྡུག་ལྡན་པའི་སུའེ་ཙེར”ཞེས་པའི་པར་རིས་
    འགྲེམས་སྟོན་རི་ནེ་ཝར་གཉེར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་སོགས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་ཕྱི་ཕྱོགས་རིག་གནས་དཔེ་སྐྲུན་འགྲེམས་སྤེལ་ཅུས་ཀྱིས་སྒྲུབ་འགན་ཁུར་བའི“མཛེས་སྡུག་ལྡན་པའི་ཀྲུང་གོ མཛེས་སྡུག་ལྡན་པའི་སུའེ་ཙེར”ཞེས་པའི་པར་རིས་འགྲེམ་སྟོན་དེ་ཚེས་10ཉིན་སུའེ་ཙེར་གྱི་རི་ནེ་ཝའི་ཝན་གོ་ཕོ་བྲང་དུ་གཉེར་འགོ་ཚུགས་པ་རེད།
             ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོས་འགོ་འཛུགས་མཛད་སྒོའི་ཤིས་ཚིག་ནང་། ད་རེས་ཀྱི་པར་རིས་འགྲེམས་སྟོན་ལ་པར་རིས་སྤུས་ལེགས་100བདམས་ནས་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱི་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་མཚོན་པ་དང་། ཀྲུང་གོ་དང་སུའེ་ཙེར་གྱི་འཕེལ་རྒྱས་བརྒྱུད་རིམ་དང་སྲོལ་རྒྱུན་གྱི་མཛའ་མཐུན་གཏམ་རྒྱུད་བརྗོད་པ། ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་པའི་ནང་ཀྲུང་གོ་དང་སུའེ་ཙེར་གྱི་འབྲེལ་བའི་ཐད་ཐོབ་པའི་གྲུབ་འབྲས་ཡག་པོ་མངོན་པ་བཅས་བྱས་ཤིང་། དེའི་ནང“ཀྲུང་གོའི་ཕུགས་འདུན·འཛམ་གླིང་གི་ཕུགས་འདུན”གྱི་པར་རིས་ཁག་གཅིག་ལས་དེང་རབས་ཀྱི་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པ་དང་། མཁའ་འགྲུལ་དང་མྱུར་བགྲོད་ལྕགས་ལམ་སོགས་སྒྲིག་བཀོད་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་བྱུང་རིམ་མངོན་གསལ་དོད་ཁར་ཀྲུང་གོའི“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པའི་དུས་རབས་ཀྱི་ཉམས་འགྱུར་མངོན་པ་དང་དེང་རབས་ཀྱི་ཀྲུང་གོ་བའི་ཀྲུང་གོའི་ཕུགས་འདུན་བརྗོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
            ཅང་ཅན་གོས་1950ལོར་སུའེ་ཙེར་ཉིད་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་དངོས་སུ་བཙུགས་པའི་ཡོ་རོབ་རྒྱལ་ཁབ་སྔ་ཤོས་ཀྱི་གྲས་སུ་གྱུར། ལོ་ངོ་60ལྷག་གི་རིང་སྤྱིར་ན་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཆེ་ནའང་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཐོག་ནས་གཉིས་ཕན་གྱི་མཉམ་ལས་གྲུབ་འབྲས་གསར་པ་རྒྱུན་མི་ཆད་པར་བླངས་ཡོད། ཉིན་ཁ་ཤས་སོང་རྗེས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སུའེ་ཙེར་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པ་དང་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་གཏོང་དང་ཀྲུང་གོ་དང་སུའེ་ཙེར་གྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་རྒྱུར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།