འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལྷ་མོའི་འཁྲབ་གཞུང་11གི་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤྱིར་ན་གྲུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར། བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་ས་གནས་ཟློས་གར་ཡོངས་བཤེར་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་ནས། 2016ལོའི་ལོ་མཇུག་བར་བོད་ཀྱི་ལྷ་མོའི་ཟློས་གར་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤྱིར་ན་གྲུབ་ཅིང་། ཡོངས་བཤེར་བསྡོམས་རྩིས་བྱས་པ་བརྒྱུད། ད་ལྟ་བོད་ཡོངས་སུ་ལྷ་མོའི་འཁྲབ་གཞུང་11དང་ལྷ་མོའི་ཚོགས་པ་147ཡོད་པ་རེད།
             བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་འགན་འཁུར་བས་བོད་ཀྱི་ས་གནས་ཟློས་གར་གཙོ་བོ་ནི་ལྷ་མོ་ཡིན་ལ་དེའི་ནང་འབག་དཀར་པོའི་ལྷ་མོ་ཚུད་པ་དང་ཆབས་ཅིག ལྷ་མོ་རྒྱུན་འཛིན་བྱ་ཡུལ་མི་འདྲ་བའི་རྐྱེན་གྱིས་འཁྲབ་སྟངས་ཐད་ཀྱང་ཁྱད་པར་ཡོད། ལྷ་མོའི་ཟློས་གར་ནི་2009ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་ངག་རྒྱུན་དང་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་དུ་བཀོད་པས་འཛམ་གླིང་ཡོངས་ཀྱི་དོ་ཁུར་ཐོབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
             ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ལྷ་མོའི་འཁྲབ་གཞུང་ཡོངས་བཤེར་ཐོ་འགོད་ཀྱི་ཁྱབ་ཁོངས་ནི་བོད་ཡོངས་ཀྱི་ས་ཆ་ཁག་དང་མི་རིགས་ཁག་གི་སྲོལ་རྒྱུན་འཁྲབ་གཞུང་ཡིན་པ་དང་དེའི་ནང་འབག་དཀར་པོ་དང་འབག་སྔོན་པོའི་ལྷ་མོ་ཚོགས་པ་དང་དེ་བཞིན་མོན་པ་དང་ཤར་པ་སོགས་ཀྱི་ལྷ་མོ་རྒྱུན་འཛིན་ཇི་ལྟར་བྱེད་ཚུལ་ཚུད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།