འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས“གྲངས་གཞི་
    ཅན”འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2016ལོར་རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས“སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དོ་དམ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། འདབ་ཆགས་རིགས་ཁྱུའི་ཐོན་ཁུངས་ཀྱི་གྲངས་འབོར་ལོ་རེ་བཞིན་འཕར་བ་རེད། འདབ་ཆགས་ཀྱི་རིགས་ཁྱུའི་་གྲངས་འབོར་དེ་སྔའི་རིགས་61ནས་མིག་སྔའི་84བར་འཕར་བ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་1984ལོར་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་དུས་ཀྱི་22ནས་2016ལོའི་216བར་འཕར་བ། ཁྲུང་ཁྲུང་མགོ་ཁྲའི་གྲངས་འབོར་དེ་སྔའི་བརྒྱ་ཕྲག་འགའ་ཤས་ནས་ཆིག་ཁྲི་ལྷག་ཙམ་བར་འཕར་བ། གཞན་ཡང་ངང་སེར་དང་ཁྲུང་ཁྲུང་སྐེ་རིང་དང་འདབ་ཆགས་རིགས་གཞན་དག་གི་གྲངས་འབོར་ཡང་མངོན་གསལ་དོད་པོས་འཕར་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་10000ཡོད་པ་ལས། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་5000ཟིན་པ་དེས་སྲུང་སྐྱོང་ཁུལ་དེའི་ལྟེ་བའི་ཁུལ་གྱི་66.02%ཙམ་ཟིན་པ་དང་། སྲུང་སྐྱོང་ཁུལ་དེར་འདབ་ཆགས་སྡེ་14དང་། རིགས་28 སྣ་61ཡོད་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་ཁྲུང་ཁྲུང་སྐེ་ནག་དང་། གླག གླག་སྐེ་སེར། གོ་བོ་སོགས་སྣ་ལྔ་དང་། རྒྱལ་ཁབ་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་འདབ་ཆགས་ངང་ཆེན་སོགས་སྣ་དགུ་ཡོད་པས། རང་རྒྱལ་གྱི་འདབ་ཆགས་རིག་པའི་རིགས་གཅིག་མཁས་ཅན་རྣམས་ཀྱིས“ཁྲུང་ཁྲུང་སྐེ་ནག་གི་ཕ་ས”ཞེས་བརྗོད་ཀྱི་ཡོད།
              གྲངས་གཞི་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་སྲུང་སྐྱོང་ཁུལ་གྱི་འཁོར་སྐྱོད་ཁོར་ཡུག་དང་། གྲངས་གཞིའི་མཛོད་འཛུགས་སྐྲུན། ཕྱོགས་བསྡུས་ས་ཁམས་ཆ་འཕྲིན་ཞབས་ཞུ་ལས་སྟེགས། རིག་ནུས་སྐོར་སྐྱོད་སྲུང་སྐྱོང་མ་ལག སྤྱི་པའི་དྲིལ་བསྒྲགས་སློབ་གསོ་བརྒྱུད་ལམ་སྣ་མང་འཚོལ་བཤེར་མ་ལག ཁྱོན་ཡོངས་ལྟ་སྐུལ་ཚོད་འཛིན་མ་ལག དངོས་རིགས་ལྟ་ཞིབ་ཚད་ལེན་མ་ལག་སོགས་ཀྱི་གྲངས་གཞི་ཅན་གྱི་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱས་ནས་རོང་པོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚད་ལེན་གྲངས་གཞི་ཐེངས་དང་པོར་ཆ་འཕྲིན་ཅན་གྱི་རྣམ་པར་བརྟེན་ནས་ཐོབ་པར་བྱས་པ་རེད། དེ་དང་ཆབས་ཅིག རོང་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱིས་མཉམ་ལས་འབྲེལ་བ་བཙུགས་ནས་ཁོར་ཡུག་སྲུང་སྐྱོང་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དེ་དང་དུས་མཚུངས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གྲས་ནས་ཀུན་གྱི་སྔོན་ལ་འདམ་རའི་སྣོད་བཅུད་སྐོར་སྐྱོད་སྲུང་སྐྱོང་བ་གདན་ཞུ་བསྐོ་གཞག་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང་འདམ་རའི་སྣོད་བཅུད་ཀྱི་སྐོར་སྐྱོད་སྲུང་སྐྱོང་བ་ཡུན་ནན་གྱི་ཧུའེ་ཙེ་དང་། ཏཱ་ཧྲན་པའོ། ཚའོ་ཧའེ་སོགས་ཁྲུང་ཁྲུང་སྐེ་ནག་གིས་དགུན་སྒྲོལ་བྱ་ཡུལ་རང་བྱུང་སྲུང་སྐྱོང་ཁུལ་དུ་མངགས་ནས་དོ་དམ་ཐད་ཀྱི་ནང་སའི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་དུ་བཅུག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།