འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།"ལོ་ལྔ་ཚན་བཅུ་གསུམ་པའི"རིང་ལ་སློབ་གྲྭ་བརྒྱ་ལྷག་ལ་ཁ་གཏད་བོད་སྐྱོར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ལ་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་100བདམས་ཏེ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་100དང"ལག་གདང་སྦྲེལ་བའི"རོགས་སྐྱོར་འབྲེལ་བ་བཙུགས་ནས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་སློབ་ཚན་ཆ་ཚང་ཞིང་འདང་བ་སློབ་ཁྲིད་བྱེད་རོགས་བྱས་ཏེ་རོགས་སྐྱོར་ཐོབ་པའི་སློབ་གྲྭའི་དགེ་རྒན་ཚོས“སློབ་ཁྲིད་ཡང་དག་པ་དང་། གོ་ཤེས་ཀྱི་སློབ་ཁྲིད། སློབ་ཁྲིད་བཟང་པོ”བྱེད་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱ་རྒྱུ་རེད། འདི་ནི་གསར་འགོད་པས་སློབ་གསོ་ཅུས་ནས་ཤེས་རྟོགས་བྱུང་བ་རེད།
        ཉེ་སྔོན། སློབ་གསོ་པུའུ་ཡིས་《"ལོ་ལྔ་ཚན་བཅུ་གསུམ་པའི"རིང་སློབ་གསོའི་ཐད་བོད་ལྗོངས་དང་བོད་ཁུལ་ཞིང་ཆེན་བཞིར་ཁ་གཏད་རོགས་སྐྱོར་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》(《བསམ་འཆར་》ཞེས་པར་བསྡུས་པ་)པར་འགྲེམས་བྱས་པ་རེད། 《བསམ་འཆར་》གྱི་ནང་དུ་དུས་བཅད་ལྟར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་སློབ་གསོ་པུའུ་ཡི་ཐད་གཏོགས་མཐོ་རིམ་སློབ་གྲྭའི་ཟུར་གཏོགས་སློབ་གྲྭ་འབྲིང་ཆུང་ནས་དགེ་རྒན་800ཡས་མས་བོད་དུ་སློབ་གསོར་རོགས་སྐྱོར་བྱེད་པར་བདམས་མངགས་བྱ་རྒྱུ་དང་། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་ལ་ཁྱོན་བསྡོམས་བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་20ལ་རོགས་སྐྱོར་བྱ་རྒྱུ་ཡིན་ལ། པེ་ཅིང་སློབ་ཆེན་སོགས་མཐོ་སློབ་27ལས་གྲུབ་པའི་ཚོགས་པས་བོད་ལྗོངས་ཀྱི་མཐོ་སློབ་6ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།