འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་ཐོག་བརྩེགས་བཞི་ཅན་གྱི་ཐོག་ཁང་ཞིག་གི་ཕྱིའི་རྩིག་
    པ་གས་རྡིབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་ཐོག་བརྩེགས་བཞི་ཅན་གྱི་ཐོག་ཁང་ཞིག་གི་ཕྱིའི་རྩིག་
པ་གས་རྡིབ་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན་གྱི་ཆུ་ཚོད་20དང་སྐར་མ་53ཐོག ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་བཀོད་འདོམས་ལྟེ་གནས་ཀྱིས་ཉེན་བརྡ་ཞུ་བའི་110ཁ་པར་འབྱོར་བ་སྟེ། དབྱང་ཕུའུ་ཆུས་ཁུང་ཅང་ལམ་ཨང་རྟགས་398པ་ཐོག་བརྩེགས་བཞི་ཅན་གྱི་ཐོག་ཁང་གི་ཐོག་བརྩེགས་གཉིས་པ་དང་གསུམ་པའི་ཕྱིའི་རྩིག་པ་གས་རྡིབ་བྱུང་བ་རེད། ཉེན་བརྡ་ཁ་པར་འབྱོར་རྗེས། སྤྱི་བདེ་དང་། མེ་འགོག་མེ་གསོད། རླངས་འབར། 120མྱུར་སྐྱོབ་ལྟེ་གནས་སོགས་ལས་ཁུངས་མགྱོགས་མྱུར་ངང་ཡུལ་དངོས་སུ་དོན་རྐྱེན་ཐག་གཅོད་བྱེད་པར་སླེབས་པ་རེད། ཡུལ་དངོས་སུ་གྲོང་མི་ཞིག་ལ་རྨས་སྐྱོན་ཕོག་པས་སྨན་ཁང་དུ་བསྐྱལ་བ་དང་། སྲོག་ཉེན་མེད་པ་རེད། ཤེས་རྟོགས་རགས་ཙམ་བྱས་པ་བརྒྱུད། དོན་རྐྱེན་འདི་ནི་རང་བྱུང་སོལ་རླངས་ཕྱིར་གྱར་བ་ལས་བྱུང་བ་དོགས་གཞི་ཆེ་བ་རེད། དོན་རྐྱེན་འདི་ལས་གནོད་སྐྱོན་ཐེབས་པའི་གྲོང་མི་ཚང་མ་ཡུལ་དེ་ནས་སྤོ་རུ་བཅུག་པ་མ་ཟད་བཀོད་སྒྲིག་འོས་འཚམས་ཀྱང་བྱས་པ་རེད། ཡུལ་དངོས་སུ་དོན་རྐྱེན་ཐག་གཅོད་ཀྱི་ལས་ཀ་ད་དུང་བྱེད་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་ཐོག་བརྩེགས་བཞི་ཅན་གྱི་ཐོག་ཁང་ཞིག་གི་ཕྱིའི་རྩིག་
པ་གས་རྡིབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།