འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱིས་ཤར་རྒྱུད་དུ་དཔལ་འབྱོར་སྒུལ་ཤུགས་གསར་པ་འཚོལ་ཞིབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཐེ་ལན་སྲིད་གཞུང་གིས་ཉེ་དུས་ཤར་རྒྱུད་དཔལ་འབྱོར་བར་ཁྱམས་འཕེལ་རྒྱས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཐེ་ལན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་ཧུར་ཐག་བཏོད་པ་རེད། ཐེ་ལན་གྱི་ཏ་ཁྲེང་དངུལ་ཁང་ཞིབ་འཇུག་སྒྲིག་གཞིའི་སྙན་ཞུ་ལས་མངོན་པར། ཐེ་ལན་གྱི་ཟོག་འགྲུལ་ལས་རིགས་དང་། ནུས་རྒྱུ། སྐྱེ་དངོས་རྫས་འགྱུར་ལས་རིགས། ཡུལ་སྐོར་ལས་རིགས་སོགས་ཐོན་ལས་ཐད་ཤར་རྒྱུད་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་ཕན་པ་ཐོབ་རྒྱུ་ཡིན་པའི་ནང་ཟོག་འགྲུལ་ལས་རིགས་ལ་འཕེལ་རྒྱས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཞིག་འཕྲད་རྒྱུ་རེད།
        ཐེ་ལན་གྱི་ཙུང་ལི་པ་ཡུས་ཀྱིས་2016ལོའི་ཟླ་11པར་ནང་བློན་ཁང་དུ་དམིགས་བསལ་དཔལ་འབྱོར་གསར་སྤེལ་ཁུལ་འཕེལ་རྒྱས་སྲིད་ཇུས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་བྱེད་སྐབས་རྣམ་གྲངས་གལ་ཆེན་མང་པོ་ཞིག་ལ་ཆོག་མཆན་སྤྲད་པའི་ནང་རྣམ་གྲངས་48སང་ལོར་སྐུལ་འདེད་གཏོང་རྩིས་ཡོད་པ་རེད།
        ཐེ་ལན་ཤར་རྒྱུད་ཀྱི་དཔལ་འབྱོར་བར་ཁྱམས་སུ་བསྡུས་པའི་དམིགས་ཚད་ཐོན་ལས་ཆེན་པོ་བཅུའི་གྲས་སུ་དེང་རབས་རླངས་འཁོར་ཐོན་ལས་དང་། རིག་ནུས་གློག་རྡུལ་ཐོན་ལས། རྩེར་སོན་ཡུལ་སྐོར་དང་དེ་བཞིན་བདེ་སྲུང་ཡུལ་སྐོར་དང་། ཞིང་ལས་དང་སྐྱེ་དངོས་ལག་རྩལ། བཟའ་བཅའ་ལས་སྣོན་ལས་རིགས་སོགས་དངོས་ཡོད་སྟོབས་ཤུགས་ལྡན་པའི་ཐོན་ལས་5ཚུད་ཡོད་ལ་འཕྲུལ་མི་དང་། མཁའ་འགྲུལ་དང་ཟོག་འགྲུལ། སྐྱེ་དངོས་འབུད་ཤིང་དང་སྐྱེ་དངོས་རྫས་འགྱུར། གྲངས་གཞིའི་ཐོན་ལས། ཕྱོགས་མང་པོའི་སྨན་བཅོས་ཐོན་ལས་སོགས་མངོན་མེད་ནུས་ཤུགས་ལྡན་པའི་ཐོན་ལས་5ཡང་ཚུད་ཡོད།
        ཐེ་ལན་ཁའེ་ཐའེ་ཞིབ་འཇུག་ལྟེ་གནས་ཀྱི་རྒྱ་ཡིག་པུའི་ཀྲུའུ་རེན་ཧོང་པིན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར“ཤར་རྒྱུད་དཔལ་འབྱོར་བར་ཁྱམས་ནི་ཐེ་ལན་གྱི་མི་རེའི་རྒྱལ་ནང་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་ཆ་སྙོམས་བསྡོམས་འབོར་མཐོ་ཤོས་ཀྱི་ཁུལ་དེ་ཡིན་ཞིང་། ས་བབ་ཆགས་ཡུལ་ཁྱད་དུ་འཕགས་པ་དང་རྒྱལ་ཁབ་ཕྱི་ནང་གི་འགྲིམ་འགྲུལ་སྟབས་བདེ་བ། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། བཟོ་ལས་ཅན་གྱི་ཚད་གཞི་མཐོ་བ། ཐོན་ལས་ལེ་ལག་ཆ་ཚང་བ། ཕྱི་རྒྱལ་ཚོང་པའི་མ་འཇོག་གཅིག་སྡུད་ཆེ་བ་བཅས་ཡོད”ཅེས་བརྗོད་པ་དང་། ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་ལན་གྱི་ཆུ་ཟབ་གྲུ་ཁ་ཆེ་ཤོས་ལེན་ཁྲ་པང་གྲུ་ཁ་ནི་ཁྲུན་ཝུའུ་ལི་ཧྥུའུ་རུ་ཡོད་པ་དང“བཟོ་ལས་བརྒྱ་ཁྲོམ”དུ་འབོད་པའི་ཐེ་ཀྲུང་ལུའོ་ཡུང་བཟོ་ལས་གླིང་ཡང་ལུའོ་ཡུང་ཧྥུའུ་རུ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།