འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱིས་གནའ་གཞུང་ལ་ཡོངས་བཤེར་བྱེད་སྐབས་བཙན་པོའི་དུས་སྐབས་ཀྱི"བླ་འབུམ"
    ཆ་ཚང་ཞིག་རྙེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་གནའ་གཞུང་ཉར་ཚགས་ཚན་པས་ཡོངས་བཤེར་ཐོ་འགོད་བྱེད་སྐབས་ལས་དོན་མི་སྣར་བཙན་པོའི་དུས་སུ་སྤྱོད་མྱོང་བའི“བླ་འབུམ”ཞིག་རྙེད་པ་རེད། ལྟེ་གནས་དེའི་འགན་འཁུར་བ་སྤེན་པ་ཚེ་རིང་གིས་ཡོངས་བཤེར་ཐོ་འགོད་ལས་དོན་སྤེལ་ཚུན་ད་བར་ལོ་རབས་རིང་ཤོས་དང་ཉར་ཚགས་ཚང་ཤོས་ཀྱི་གནའ་བོའི་དཔེ་ཆ་ཞིག་རེད་ཅེས་བརྗོད་པ་རེད།
        བོད་རང་སྐྱོང་ལྗོངས་གནའ་གཞུང་ཡོངས་བཤེར་སྲུང་སྐྱོང་འདུ་འགོད་2010ལོར་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། སྤེན་པ་ཚེ་རིང་གིས་བོད་ལྗོངས་སུ་གནའ་གཞུང་ཉར་ཚགས་ཚན་པ་ཆིག་སྟོང་ཙམ་ཡོད་པ་དེ་དག་ལྗོངས་ཡོངས་ཀྱི་ས་ཁུལ་གཉིས་དང་གྲོང་ཁྱེར་ལྔ་དང་། རྫོང་74 དགོན་སྡེ་1600ལྷག་ཙམ་ལ་ཁྱབ་ཡོད་ཅེས་ངོ་སྤྲོད་བྱས། མིག་སྔའི་བར་བོད་ཀྱིས་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དང་། ཉིང་ཁྲི་གྲོང་ཁྱེར། མངའ་རིས་ས་ཁུལ་སོགས་ས་ཆའི་གནའ་གཞུང་ཡོངས་བཤེར་ཐོ་བཀོད་ལས་དོན་ལེགས་གྲུབ་ཟིན་པ་དང་། ཁྱོན་གནའ་གཞུང་པོ་ཏི་ཁྲི་4ཙམ་ཐོ་བཀོད་བྱས་ཡོད་པ་དེས་སྤྱིའི་ལས་དོན་གྱི་65%ཡན་ལེགས་གྲུབ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།
        སྤེན་པ་ཚེ་རིང་གིས་ཡོངས་བཤེར་རིགས་གཅིག་མཁས་ཅན་ཚོས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གྲོང་མཁར་ཆོས་སྡེར་གནའ་གཞུང་ཡོངས་བཤེར་ཐོ་འགོད་ཀྱི་ལས་དོན་སྤེལ་སྐབས། དགོན་སྡེ་དེས་ཉར་ཚགས་བྱས་པའི་ད་བར་ལོ་ངོ་ཆིག་སྟོང་ལྷག་སོང་བའི“བླ་འབུམ”ཤེས་རྟོགས་བྱུང་ཡོད་ཅེས་ངོ་སྤྲོད་བྱས། ཁོང་གིས་དཔེ་རས་དང་གླེགས་ཤིང་གི་རྒྱུ་ཆ་དང་དེ་བཞིན་དཔེ་ཆའི་ནང་དོན་བཅས་ཀྱི་ཐོག་ནས་བལྟས་ན། དཔེ་ཆ་དེ་བཙན་པོའི་དུས་ཀྱི“བླ་འབུམ”ཡིན་པ་དང་། དཔེ་ཆ་དེར་ཁྱོན་པོ་ཏི་ལྔ་ཡོད་ལ་ད་བར་ཉར་ཚགས་ཡག་པོ་དེ་འདྲ་བྱུང་བ་ནི་ཧ་ཅང་དཀོན་པོ་རེད་ཅེས་ངོ་སྤྲོད་བྱས།
        སྤེན་པ་ཚེ་རིང་གིས་ཞིབ་འཇུག་མི་སྣས་དཔེ་ཆའི་ནང་གི་ཡིག་གཟུགས་དང་དེ་བཞིན་རྩོམ་པ་པོའི་མིང་ཏུན་ཧོང་གི་ཚད་ལྡན་ཡིག་ཆའི་ནང་དོན་དང་ཧ་ཅང་འདྲ་བར་བརྟེན“རྩོམ་པ་པོ་གཅིག་མིན་ནམ་སྙམ་པའི”སྐོར་ངོ་སྤྲོད་བྱས། ཁོང་གིས“བླ་འབུམ”དེ་ཤེས་རྟོགས་བྱུང་བ་དེས། འབྲེལ་ཡོད་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་མཁོ་འདོན་ཐུབ་རྒྱུ་མ་ཟད་རིག་གཞུང་ཞིབ་འཇུག་ཐད་རིན་ཐང་ཆེན་པོ་ལྡན་ཡོད་ཅེས་བརྗོད།
        མིག་སྔར། པོ་ཏི་ལྔ་ཡོད་པའི“བླ་འབུམ”དེ་དགོན་པ་དེས་ཆེད་མི་བཀོད་སྒྲིག་བྱས་ནས་བདག་པོ་རྒྱག་གི་ཡོད་པ་དང་། གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱིས་གོམ་སྟབས་རྗེས་མར“བླ་འབུམ”ལ་གྲངས་འཛིན་ཅན་གྱི་དོ་དམ་བྱ་རྒྱུ་ཡིན་པས་སྐབས་དེ་དུས་ཡུལ་སྐོར་བ་དང་ཞིབ་འཇུག་མི་སྣ་ཚོས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་གློག་རྡུལ་ལྟ་ཀློག་སྒྲིག་ཆས་ནས་ལྟ་ཐུབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།