འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཡུས་
    ཧའེ་ཡན་ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པས་
    རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཡུས་
ཧའེ་ཡན་ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པས་
རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་11ཉིན། གསར་འགོད་པས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་ནས་ཤེས་གསལ་ལྟར་ན། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཡུས་ཧའེ་ཡན་ལ་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བའི་དོགས་གཞི་ཡོད་པས། མིག་སྔར་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།
         ཡུས་ཧའེ་ཡན། སྐྱེས་པ། རྒྱ་རིགས། 1961ལོའི་ཟླ་བ་7པར་སྐྱེས། ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་ནས་ཡིན་པ་དང་། 1987ལོའི་ཟླ་4པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས་པ་དང་། 1982ལོའི་ཟླ་8པར་ལས་ཀར་ཞུགས་པ་རེད། ཞི་ཨན་ཨར་ལས་ཚན་རྩལ་སློབ་ཆེན་གྱི་ལྕགས་བཞུ་ཚན་ཁག་གི་ལྕགས་བཞུ་བཟོ་སྐྲུན་ཆེད་ལས་ནས་སློབ་གྲྭ་ཐོན་ཞིང་། ཞིབ་འཇུག་སློབ་མའི་སློབ་སྦྱོང་གི་ལོ་རྒྱུས་ལྡན་པ་དང་། བཟོ་རྩལ་རིག་པའི་འབུམ་རམས་པ་དང་། མཐོ་རིམ་བཟོ་བཀོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།