འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མགོ་ལོག་ཀྲོའུ་ཡིས་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་12ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ཡིས་སྒྲིག་འཛུགས་ནན་ཏན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེ་མོ་དང་མི་མངོན་པའི་རྐྱེན་ངན་གྲལ་བཤེར་གྱི་བྱེད་སྒོ་ཏན་ཏིག་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད།
        མགོ་ལོག་ཀྲོའུ་ཡི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བཀོད་སྒྲིག་ཧུར་ཐག་བྱས་པ་དང་ལྷག་པར་དུ་རྫོང་ཁག་གི་སྲིད་གཞུང་དང་དེ་བཞིན་ཀྲོའུ་སྤྱི་བདེ་དང་། འགྲིམ་འགྲུལ། ཁྲོམ་རའི་ལྟ་སྐུལ། སློབ་གསོ། ཞིང་འབྲོག ནགས་ལས། མེ་ཟོན་སོགས་སྡེ་ཚན་ཚང་མས་ལས་ཀའི་ཇུས་གཞི་བཟོས་པ་དང་། “ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ལས་འཛོལ་ཤོར་ན་འགན་འཁྲི་བདའ་འདེད”བཅས་དང“ངེས་པར་དུ་གསུམ”གྱི་བླང་བྱ་གཞིར་བཟུང་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་དང་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་རེད།
        ད་བར་སྔ་རྗེས་སུ་ཀྲོའུ་ཡོངས་ཀྱི་ཚན་པ་154(ཐེངས་)ཞིབ་བཤེར་བྱས་པ་དང་། ས་གནས་ས་ཐོག་ནས་རིམ་ཁག་དང་རིགས་ཁག་གི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དང་གནད་དོན་539རྩད་ཆོད་པའི་ནང་། མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་364དང་། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་91 འཛུགས་སྐྲུན་ཨར་ལས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་28 དམིགས་བསལ་ལས་རིགས་ཀྱི་སྒྲིག་ཆས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་28 ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མི་མངོན་པའི་རྐྱེན་ངན་21 ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་7བཅས་ཚུད་ཡོད་པ་དང་། ས་གནས་ས་ཐོག་ཏུ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་485བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། དུས་བཀག་བཅོས་སྒྲིག་གི་བརྡ་ཐོ་27བཏང་བ། གཞུང་ལམ་འགྲིམ་འགྲུལ་གྱི་ཆད་པ་ཐེངས14བཅད་པ། ཚོང་དུད་13ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་བཅས་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།