འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།Cལུའོ་ཡིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་2016ལོའི་རྐང་རྩེད་
    སྤོ་ལོའི་སྐུ་ཞབས་ཀྱི་མཚན་སྙན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 16:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།Cལུའོ་ཡིས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་2016ལོའི་རྐང་རྩེད་
སྤོ་ལོའི་སྐུ་ཞབས་ཀྱི་མཚན་སྙན་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། སུ་ལིང་ཧྲི་གྲོང་ཁྱེར་དུ་གཉེར་བའི་བྱ་དགའ་བསྩལ་བའི་མཛད་སྒོའི་ཐོག་ཕོར་ཐིའུ་ཀལ་གྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་གདོང་ལེན་པ་ཁེ་• ལའོ་ནཱར་ཏའོ་( Cལུའོ་)ཡིས་འགྲན་ཡ་མེ་ཤིས་དང་ཀེ་ལེ་ཙི་མན་ལས་རྒྱལ་ཏེ་གཟི་བརྗིད་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་2016ལོའི་རྐང་རྩེད་སྤོ་ལོའི་སྐུ་ཞབས་ཀྱི་མཚན་སྙན་ཐོབ་པ་རེད།
        2016ལོ་དེ་དགུང་ལོ་31སོན་པའི་Cལུའོ་ལ་མཚོན་ན་རྨི་ལམ་འཕྲུལ་སྣང་ལྡན་པའི་ལོ་ལྟ་བུ་ཡིན་ལ། སྔར་བཞིན་རྐང་རྩེད་སྤོ་ལོ་བླུག་གྲངས་མང་བའི་རང་གི་ཁྱད་ཆོས་རྒྱུན་འཁྱོངས་བྱས་པ་ཕུད། ཕོར་ཐིའུ་ཀལ་གྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་གྲགས་ཅན་གྱིས་སྤོ་ལོའི་རུ་ཁག་ལ་གཟི་བརྗིད་མང་པོ་ཐོབ་རོགས་བྱས་པ་རེད། ཕོར་ཐིའུ་ཀལ་རྒྱལ་ཁབ་རྐང་རྩེད་སྤོ་ལོ་རུ་ཁག་ཏུ་ན་ནིང་དབྱར་ཁར་Cལུའོ་ཡིས་སྤོ་ལོ་རུ་ཁག་ཁྲིད་ནས་ཡོ་རོབ་གླིང་གི་ལེགས་སྐྱེལ་འགྲན་བསྡུར་ལ་ཨང་དང་པོ་ཐོབ་སྟེ་ཕོར་ཐིའུ་ཀལ་ལོ་རྒྱུས་ཐོག་གི་འགྲན་བསྡུར་གལ་ཆེན་གྱི་ཨང་དང་པོ་ཐོག་མ་བླངས་པ་དང་། གོང་མ་ཚང་མ་ཏེ་ལི་མཉམ་སྤྲོ་ཁང་དུ་ཨང་རྟགས་7པའི་ལུས་རྩལ་གོས་གྱོན་པའི་ཁོང་གིས་འབད་བརྩོན་ཆེན་པོས་མཉམ་སྤྲོ་ཁང་གི་ལོ་རྒྱུས་ཐོག་གི་ཨང་དང་པོ་11གི་བྱ་དགའ་ཐོབ་རོགས་བྱས་པ་མ་ཟད། རི་པན་དུ་གཉེར་བའི་རྒྱལ་སྤྱིའི་མཉམ་སྤྲོ་ཁང་གཟེངས་བུམ་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་ཁྲོད་དུ་ཞྭ་རྩེད་རྩེ་བ་ལྟ་བུའི་སྤོ་ལོ་རྒྱག་རྩལ་བཏོན་ཏེ་ཨང་དང་པོ་བླངས་པ་རེད།
        རྒྱལ་ཁབ་རུ་ཁག་དང་མཉམ་སྤྲོ་ཁང་དུ་བྱས་འབྲས་ཕུལ་དུ་བྱུང་བ་ཐོབ་པར་བརྟེན་ནས་ཕོར་ཐིའུ་ཀལ་གྱི་སྤོ་ལོ་བླུག་མཁན་ནི་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་འཛམ་གླིང་གི་རྐང་རྩེད་སྤོ་ལོའི་སྐུ་ཞབས་སུ་བདམས་ཐོན་བྱུང་ནས་2016ལོའི་རྐང་རྩེད་སྤོ་ལོ་ལས་རིགས་ཀྱི་གྲུབ་འབྲས་ཆེ་ཤོས་ཐོབ་མཁན་དུ་གྱུར་པ་རེད། Cལུའོ་ཡིས་བྱ་དགའ་ལེན་པའི་ཡུལ་དངོས་སུ"བསམ་ཡུལ་ལས་འདས་པའི་ལོ་འདི་ངས་ནམ་ཡང་བརྗེད་མི་སྲིད"ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།