འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།གྲངས་ཉུང་མི་རིགས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་རྒྱལ་ཡོངས་སུ་བཀྲག་
    མདངས་འཚེར་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། གསར་འགོད་པས་པེ་ཅིང་དུ་གཉེར་བའི་2017ལོའི"ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ཆེ་བ"ཞེས་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱིས་དཔྱིད་གསར་དུས་ཆེན་བསུ་བའི་མཉམ་སྤྲོ་ཆེན་པོའི་བརྙན་འཕྲིན་དགོང་ཚོགས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་24ཡིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་འཁྲབ་སྟོན་བྱ་རྒྱུའི་གྲངས་ཉུང་མི་རིགས་ཀྱིས་དཔྱིད་གསར་དུས་ཆེན་བསུ་བའི་མཉམ་སྤྲོ་ཆེན་པོའི་བརྙན་འཕྲིན་དགོང་ཚོགས་ཏེ། ཟླ་1ཚེས་14ཉིན་དབྱིན་ཁྲོན་ཉིང་ཞ་མི་དམངས་ཚོགས་ཁང་ཆེན་མོར་གཉེར་རྒྱུ་ཡིན་པ་མ་ཟད། ཡུལ་དངོས་ནས་འབེབས་སྐྲུན་ཡང་བྱ་རྒྱུ་ཡིན་པ་དང་། དཔྱིད་གསར་དུས་ཆེན་གྱི་སྔ་གཞུག་ཏུ་རྒྱལ་ཡོངས་མི་རིགས་ཁག་གི་གཟིགས་མོ་བ་ཚོར་འབུལ་རྒྱུ་རེད། 
         བརྙན་འཕྲིན་དགོང་ཚོགས་ལ་ཁྱོན་བསྡོམས་འཁྲབ་ཚན་22ཡོད་ཅིང་། ཏུང་རིགས་དང་། ཐ་ཅི་ཁེ་རིགས། དབའ་རིགས། ཧོར་རིགས། བོད་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་ཀྱི་ཡུལ་སྲོལ་གླུ་གར་དང་ཁྱད་ཆོས་ལྡན་པའི་རིག་གནས་འགྲེམས་སྟོན་བྱས་ནས"ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ཆེ་བ་དང་། སེམས་རྩེ་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་སྐྲུན"ཞེས་པའི་བརྗོད་གཞི་འབུར་དུ་མངོན་པར་བྱ་རྒྱུ་རེད། སྐབས་དེར་རྒྱལ་ཡོངས་ཀྱི་ཆེད་ལས་དང་དམངས་ཁྲོད་རིག་རྩལ་ཚོགས་པ20དང་། མི་རིགས་30ལྷག་གི་སྒྱུ་རྩལ་བ་དང་འཁྲབ་སྟོན་པ་500ལྷག་དབྱིང་ཁྲོན་དུ་མཉམ་དུ་འཛོམས་ཏེ་འཁྲབ་སྟོན་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།