འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་སི་ཁྲོན་ཆུ་གར་ཆུ་གློག་ས་ཚིགས་ཨར་
    ལས་བྱ་ཡུལ་དངོས་སུ་རྩད་གཅོད་བྱེད་པར་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་05ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་སི་ཁྲོན་ཆུ་གར་ཆུ་གློག་ས་ཚིགས་ཨར་
ལས་བྱ་ཡུལ་དངོས་སུ་རྩད་གཅོད་བྱེད་པར་ཕྱིན་པ།
        མི་དམངས་དྲ་བའི་འཕྲིན། གནམ་ལོ་གསར་ཚེས་ཀྱི་དུས་རིང་ལ་གསར་འགོད་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་འབྲི་ཆུ་སྟོད་རྒྱུད་ཀྱི་ཉག་ཆུའི་ཆུ་གར་ཆུ་གློག་ས་ཚིགས་ཨར་ལས་བྱ་ཡུལ་དངོས་སུ་རྩད་གཅོད་བྱེད་པར་ཕྱིན་ཞིང་། འདིར་ལས་ཀ་བྱེད་མཁན་བཟོ་པ་ཚོ་གྲང་ངར་ཆེ་བར་མི་འཛེམས་པར་ཉིན་མཚན་སྦྲེལ་མཐུད་ཀྱིས་དཀའ་སྤྱད་ངལ་རྩོལ་བྱས་ཏེ་འཛུགས་སྐྲུན་གྱི་ལས་འགན་སྔ་ཙམ་ལེགས་འགྲུབ་བྱས་ནས་བོད་ཁུལ་གྱི་དྭངས་ཤིང་གཙང་བའི་ནུས་ཁུངས་རྒྱུན་ཆད་མེད་པར་ཤར་ཕྱོགས་གློག་དཀོན་པའི་ས་ཁུལ་ཏུ་སྐྱེལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།
     ཉག་ཆུའིའབབ་རྒྱུད་ཆུ་གློག་གསར་གཏོད་ཚད་ཡོད་ཀུང་སིས་འཛུགས་སྐྲུན་དོ་དམ་བྱས་པའི་ཆུ་གར་ཆུ་གློག་ས་ཚིགས་ནི་ཉག་ཆུ་གཙང་པོ་དང་ཕྱག་རུ་ཆུ་གཉིས་མཉམ་དུ་བཞུར་བའི་སྨད་རྒྱུད་ཀྱི་སྤྱི་ལེ་2ཡོད་སར་གནས་ཤིང་།
         རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་3000ཡོད་པ་དང་། ནམ་ཟླ་ངན་པ། གཡང་གཟར་ཆེ་བ་བཅས་ཡིན་པས། ལང་ལོང་དུ་བཞུར་བའི་ཉག་ཆུ་བཅད་དེ་གྲོང་རོང་བར་དུ་མཐོ་ཚད་སྨི་295ཡོད་པའི་ཆུ་གློག་ས་ཚིགས་ཀྱི་ཆུ་རགས་ཆེན་པོ་ཞིག་བསྐྲུན་དགོས་ན། བཟོ་སྐྲུན་གྱི་དཀའ་ཚད་ནི་འཛམ་གླིང་ཐོག་ཨང་དང་པོ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བཟོ་སྐྲུན་འདི་ནི་2015ལོའི་ཟླ་བ་11པ་ནས་ཉག་ཆུ་བཅད་པ་དང་། 2023ལོའི་ཟླ་12པར་བཟོ་སྐྲུན་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་བཀོད་པ་རེད། ཆུ་གློག་ས་ཚིགས་ཀྱི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ནི་སྟོང་ཝ་ཁྲི་300རེད།
    【1】  【2】  【3】  【4】
    ༄༅།།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡོད་པའི་སི་ཁྲོན་ཆུ་གར་ཆུ་གློག་ས་ཚིགས་ཨར་
ལས་བྱ་ཡུལ་དངོས་སུ་རྩད་གཅོད་བྱེད་པར་ཕྱིན་པ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།