འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེན་ཤན་ཏ་དང་ལིས་དབྱི་ཉིང་ལ་སྐབས་ལྔ་པའི་ཝུའུ་ཡུས་ཀྲང་གི་ཚེ་གང་གྲུབ་འབྲས་བྱ་
    དགའ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྐབས་ལྔ་པའི་ཝུའུ་ཡུས་ཀྲང་གི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ཚེ་གང་གྲུབ་འབྲས་བྱ་དགའ་ཀྲུང་གོ་མི་དམངས་སློབ་ཆེན་དུ་སྤྲད་པ་རེད། སྐབས་འདིའི་ཚེ་གང་གི་གྲུབ་འབྲས་བྱ་དགའ་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་མཁས་ཅན་དང་སློབ་གསོ་མཁས་ཅན་ཀྲུང་གོ་མི་དམངས་སློབ་ཆེན་མཚན་ཉིད་རིག་པའི་ཚན་ཁག་གི་དགེ་རྒན་ཆེ་མོ་ཁྲེན་ཤན་ཏ་དང་། དཔལ་འབྱོར་རིག་པ་མཁས་ཅན་པེ་ཅིང་སློབ་ཆེན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བསླབ་རྒན་དགེ་རྒན་ཆེ་མོ་བ་འབུམ་རམས་པ་སློབ་མའི་སློབ་དཔོན་ལིས་དབྱི་ཉིང་ལ་སྤྲད་པ་རེད།
          ཁྲེན་ཤན་ཏ་ནི་ཀྲུང་གོ་གསར་པས་གསོ་སྐྱོང་བྱས་པའི་ཁག་དང་པོའི་མར་ཁེ་སི་རིང་ལུགས་རིགས་པའི་གཞུང་ལུགས་མཁས་ཅན་གྱི་ཕུལ་བྱུང་གི་འཐུས་མི་དང་རང་རྒྱལ་གྱི་རིག་གཞུང་ལས་རིགས་ཁྲོད“ལག་ལེན་ནི་བདེན་དོན་ཡིན་མིན་ཞིབ་དཔྱད་བྱེད་པའི་ཚད་གཞི་ཉག་ཅིག་ཡིན”ཞེས་པའི་མཇུག་སྡོམ་བྱེད་མཁན་སྔ་ཤོས་ཀྱི་མཁས་དབང་ཞིག་རེད། ཁོང་གིས་བརྩམས་པའི་《ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་》ཅེས་པ་དེ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཀྲུང་གོའི་མར་ཁེ་སི་རིང་ལུགས་མཚན་ཉིད་རིག་པ་ཞིབ་འཇུག་ཁྱབ་ཁོངས་ཀྱི“ཤུགས་རྐྱེན་ཆེ་ཤོས་ཐེབས་པའི”མཚན་ཉིད་རིག་པའི་ཆེད་རྩོམ་གྲས་ཤིག་ཡིན།
          སྐུ་ཞབས་ལིས་དབྱི་ཉིང་ནི་རང་རྒྱལ་གྱི་མ་རྐང་ལམ་ལུགས་སྒྱུར་བཅོས་ཀྱི་རིགས་པའི་གཞུང་ལུགས་འདོན་སྔ་ཤོས་ཀྱི་མཁས་དབང་གྲས་ཤིག་ཡིན་པ་དང་། སྒྱུར་བཅོས་སྒོ་དབྱེ་བརྒྱུད་མྱོང་མཁན་དང་ཞུགས་པ་པོ་ཡིན་པའི་ངོས་ནས་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་དང་། སྤྱི་ཁོག་དཔལ་འབྱོར་དབྱེ་ཞིབ། སློབ་གསོ་དང་དཔལ་འབྱོར་འཕར་བ། ལས་ཞུགས་གནད་དོན། སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་སྲིང་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་། ཁེ་ལས་དོ་དམ་སོགས་ཚང་མར་གསར་གཏོད་རང་བཞིན་གྱི་ཞིབ་འཇུག་དང་རྒྱས་བཤད་བྱས་ཤིང་། དེས་ཀྲུང་གོའི་དཔལ་འབྱོར་རིག་པའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ནས་རང་རྒྱལ་གྱི་དཔལ་འབྱོར་སྲིད་ཇུས་བཟོ་བ་དང་ལག་ལེན་བསྟར་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། 2012ལོ་ནས་ད་བར་ཝུའུ་ཡུས་ཀྲང་གི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ཚེ་གང་གྲུབ་འབྲས་བྱ་དགའ་སྤྲོད་འགོ་བཙུགས་ནས་ལོ་ལྔ་འདས་པ་དང་ལོ་ལྔའི་རིང་གྲགས་ཅན་རྩོམ་པ་པོ་དང་སློབ་དཔོན་བཅུ་གཉིས་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ལ། རིམ་རྩིས་བརྒྱབ་ན་བྱ་དགའི་དངུལ་མི་དམངས་ཤོག་སྒོར་ཁྲི་1200སྤྲད་པ་རེད། ལོ་ལྔ་རིང་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་དབང་གྲགས་རང་བཞིན་དང་ཀུན་གྱིས་ཡིད་ཆེས་བྱེད་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ལོ་འཁོར་མོའི་བྱེད་སྒོ་གཟབ་རྒྱས་ཤིག་དང་འཛམ་གླིང་དུ་དེང་དུས་ཀྲུང་གོའི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་སློབ་དཔོན་རྣམས་ཀྱི་ཉམས་འགྱུར་བཟང་པོ་སྟོན་པའི་ལས་སྟེགས་གལ་ཆེན་དུ་གྱུར་ཡོད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།