འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥི་ཅི་རྒྱལ་ཁབ་ཉེ་འཁོར་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ་7.2བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ས་གཤིས་རྩད་གཅོད་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་4ཉིན་གྱི་སྔ་དྲོར་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཧྥི་ཅི་རྒྱལ་ཁབ་ཉེ་འཁོར་གྱི་མཚོ་ཁོངས་སུ་ས་ཡོམ་རིམ་པ་7.2བྱུང་ཞིང་། མིག་སྔའི་བར་དུ་མི་ཤི་རྨས་བྱུང་བ་དང་རྒྱུ་ནོར་ལ་གྱོང་གུན་ཐེབས་པའི་སྙན་ཞུ་འབྱོར་མེད་པ་རེད།
        ཨ་རིའི་ས་གཤིས་རྩད་གཅོད་ཅུས་ས་ཡོམ་གནས་འཕྲིན་དྲ་བའི་གནས་འཕྲིན་ལས་མངོན་པ་ལྟར་ན། ཐེངས་འདིའི་ས་ཡོམ་ནི་ས་གནས་དེ་གའི་ཚེས་4ཉིན་གྱི་ཆུ་ཚོད་10དང་སྐར་52ཐོག་(པེ་ཅིང་དུས་ཚོད་ཆུ་ཚོད་5དང་སྐར་མ་52ཐོག་)བྱུང་བ་དང་།  ས་ཡོམ་བྱུང་ས་ལྟེ་བ་ནི་ཧྥི་ཅི་རྒྱལ་ཁབ་ནན་ཏི་ས་ཁུལ་ནུབ་ལྷོ་ཕྱོགས་ཀྱི་སྤྱི་ལེ་221.9ས་མཚམས་ཀྱི་མཚོ་ཁོངས་སུ་ཡིན་པ་དང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་15.2ཡོད་པ་རེད།
       ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་འཁྱོམ་སྔོན་ཚུད་ཉེན་བརྡ་གཏོང་བའི་ལྟེ་གནས་ཀྱིས་ཐེངས་འདིའི་ས་ཡོམ་ལ་དམིགས་ནས་གནས་འཕྲིན་སྤེལ་ཏེ་ཧྥི་ཅི་རྒྱལ་ཁབ་མཚོ་འགྲམ་ས་ཁོངས་ཁ་ཤས་སུ་ཉེན་ཁ་ལྡན་པའི་མཚོ་འཁྱོམ་རྦ་རླབས་འབྱུང་སྲིད་པ་དང་། མཚོ་འཁྱོམ་གྱི་རྦ་རླབས་ནི་རྒྱ་མཚོའི་འཕེལ་འགྲིབ་ཀྱི་རྦ་རླབས་ལས་སྨི་0.3ནས་སྨི་1བར་མཐོ་བ་འཕྱུར་ཤས་ཆེ་ཞེས་བརྗོད་པ་རེད།
        ཧྥི་ཅི་རྒྱལ་ཁབ་ནི་ཞི་བདེ་རྒྱ་མཚོ་ཆེན་པོ་བསྐོར་བའི་མེ་རི་ས་ཡོམ་ས་རྒྱུད་དུ་གནས་ཡོད་པ་དང་། ས་ཤུན་བྲག་ལེབ་ཕན་ཚུན་རྡེབ་རྡུང་བརྒྱབ་པ་ལས་ས་ཡོམ་ཡང་ཡང་འབྱུང་བཞིན་ཡོད་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།