འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་ནང་གླང་ཚེར་རིགས་ཀྱི་ཐོན་རྫས་དང་། འདྲེ་ཚེར་མའི་རིགས་ཀྱི་ཐོན་རྫས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་རིགས་ཀྱི་ཐོན་རྫས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁྲོམ་ར་ཅན་དུ་འགྱུར་རྒྱུར་སྐུལ་མ་བཏང་བ་བརྒྱུད“མཚོ་སྔོན་གྱིས་བཟོས་པའི”ཐོན་རྫས་རྒྱལ་ཡོངས་ཀྱི་སྐྱེ་དངོས་ཐོན་ལས་ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་ཡོད། སྐྱེ་དངོས་ཀྱི་ལེགས་ཆ་ལྡན་པའི་ཐོན་ཁུངས་དེ་བས་མང་བ་གསར་སྤེལ་བེད་སྤྱོད་བྱས་པ་དེ་ཐོག་ནས་མཚོ་སྔོན་གྱི་སྐྱེ་དངོས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བའི་འཕེལ་ཕྱོགས་བཟང་པོ་དང་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་མངོན་ཡོད་པ་རེད།
            མིག་སྔར། རང་རྒྱལ་ལ་བཟའ་བཅའི་བདེ་འཇགས་འགན་ལེན་དང་ནུས་རྒྱུའི་ཐོན་ཁུངས་དཀོན་པ་སོགས་ཀྱི་འགྲན་སློང་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས་མི་དམངས་ཀྱི་བདེ་ཐང་དང་འབྲུ་རིགས་ཀྱི་བདེ་འཇགས།་འགན་ལེན་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་མ་གཏོང་ཆེད་སྨན་རྫས་གསར་པ་དང་། ལོ་ཏོག་གི་སྣ་ཁ་གསར་པ། སྔོ་ལྗང་འདེབས་འཛུགས་ཀྱི་ལག་རྩལ། སྐྱེ་དངོས་ཀྱི་འབུད་རྫས་དང་སྐྱེ་དངོས་ཀྱི་གློག་གཏོང་། སྐྱེ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་ལག་རྩལ་སོགས་གསར་སྤེལ་སྐྱེད་སྲིང་དང་ཁྱབ་གདལ་བེད་སྤྱོད་བྱེད་མགྱོགས་སུ་གཏོང་དགོས་ཀྱི་ཡོད། མཚོ་སྔོན་གྱི་ཐུན་མིན་ཁྱད་ཆོས་ལྡན་པའི་སྐྱེ་དངོས་ཐོན་ཁུངས་ཀྱིས་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ཡོང་བར་ཆ་རྐྱེན་བཏོད་ཅིང་། ལོ་མང་གི་འཕེལ་རྒྱས་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་ཐོན་ལས་དེ་ཐོན་ལས་ཅན་དུ་བསྒྱུར་མགྱོགས་སུ་འགྲོ་རྒྱུར་གཏིང་ཤུགས་ངེས་ཅན་ལྡན་ཡོད། འོན་ཀྱང་ཐོན་ལས་ཀྱི་གཞི་ཁྱོན་མི་འདང་བ་དང་། ཞིབ་འཇུག་གསར་སྤེལ་གྱི་ནུས་པ་ཅུང་ཞན་པ། ཚན་ཞིབ་གྲུབ་འབྲས་གཞན་བསྒྱུར་ལས་ཕྱོད་ཞན་པ་སོགས་ཀྱི་གནད་དོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་དངོས་ཐོན་ལས་རིམ་འཕར་འཕེལ་རྒྱས་ཡོང་བར་ཚོད་འཛིན་ཆེན་པོ་ཕོག་ཡོད།
              མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བ་དང་སྐྱེ་དངོས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བར་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་ཁ་ཕྱོགས་ཁྲོམ་ར་ནས་འཚོལ་བ་དང་ཕན་ནུས་ཚན་རྩལ་ལས་ཐོབ་པ་བྱེད་དགོས་པ་དང་། གསར་གཏོད་དང་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་མ་བཏང་སྟེ་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་ཐད་ནས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲལ་བསྡུའི་གཟིགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་བཟང་སྒྲིག་བྱེད་དགོས་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཁེ་བེད་བདག་ཐོབ་ཀྱི་ལམ་ལུགས་ནུས་ལྡན་ངང་འཐུས་སྒོ་ཚང་དུ་བཏང་ནས་དེའི་ཤེས་བྱའི་བདག་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས་པ། གསར་གཏོད་ལ་མ་དངུལ་གཏོང་བ་དང་མ་དངུལ་མཉམ་འདུའི་ལྕག་སྐུལ་སྲིད་ཇུས་བཟོས་ནས་དངུལ་ཁང་དང་། ཉེན་ཁུར་མ་འཇོག སྤྱི་ཚོགས་དང་དམངས་ཁྲོད་ཀྱི་མ་རྩ་སོགས་ཐོན་ལས་གསར་གཏོད་ནང་ཧུར་ཐག་གཏོང་རྒྱུར་སྐུལ་མ་བཏང་སྟེ་གསར་གཏོད་ལག་རྩལ་ཐོན་ལས་ཅན་དང་ཁྱབ་གདལ་ཉེར་སྤྱོད་ལ་རྒྱབ་སྐྱོར་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་སྤྱི་ཡོངས་ནས་སྐུལ་མ་གཏོང་དགོས་པ་བཅས་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།