འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཚན་རིག་པར་ཝེ་ཅ་བྱ་དགའ་ཐོག་མར་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་04ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཀྲུང་གོའི་ཚན་རིག་པར་ཝེ་ཅ་བྱ་དགའ་ཐོག་མར་ཐོབ་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སུའེ་ཏེན་མིའི་རིགས་རིག་པ་དང་ས་ཁམས་རིག་པ་ལྷན་ཚོགས་ཀྱིས་མཚོ་བོད་མཐོ་སྒང་གི་འཁྱག་རོམ་དང་ཁོར་ཡུག་ཞིབ་འཇུག་ཐད་བྱས་རྗེས་བཞག་པར་གཞིགས་ནས་2017ལོའི་ཝེ་ཅ་བྱ་དགའ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་རམས་པ་དང་ཀྲུང་གོའི་ཚན་རིག་ཁང་གི་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡའོ་ཐན་ཏུང་ལ་བསྩལ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། ཝེ་ཅ་བྱ་དགའ་ནི་1881ལོར་བཙུགས་པ་དང་། ལོ་འཁོར་གསུམ་རེར་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་ཆེས་ཕུལ་བྱུང་གི་ས་ཁམས་རིག་པའི་ཚན་རིག་པ་མང་པོའི་ཁྲོད་ནས་བྱ་དགའ་ཐོབ་མཁན་གཅིག་བདམས་ཤིང་། སུའེ་ཏེན་རྒྱལ་པོས་བྱ་དགའ་གནང་གི་ཡོད་པ་དང་། "ས་ཁམས་རིག་པའི་ནོ་པེར་བྱ་དགའ"ཞེས་འབོད་ཀྱི་ཡོད་པ་རེད། ཡའོ་ཐན་ཏུང་ནི་བྱ་དགའ་འདི་ཐོབ་པའི་ཀྲུང་གོའི་ཚན་རིག་པ་ཨང་དང་པོ་ཡིན་ལ། མཚན་སྙན་ཁྱད་པར་ཅན་འདི་ཐོབ་པའི་ཨེ་ཤེ་ཡ་གླིང་གི་ཚན་རིག་པ་ཨང་དང་པོའང་རེད། འདི་ནི་ཡོན་རམས་པ་ཡའོ་ཐན་ཏུང་ཡིན་པ་རེད།
    【1】  【2】  【3】  【4】
    ༄༅།།ཀྲུང་གོའི་ཚན་རིག་པར་ཝེ་ཅ་བྱ་དགའ་ཐོག་མར་ཐོབ་པ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།