འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་གྲོང་ཁྱེར་དང་རྫོང་ཉེར་བདུན་རྒྱལ་ཁབ་རིམ་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་
    དོ་དམ་ཆ་འཕྲིན་གྱི་ལས་སྟེགས་དང་འབྲེལ་མཐུད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་པའི་ཐབས་ཇུས་བཀོད་སྒྲིག་བྱས་པ་ནས་བཟུང་། བོད་ཀྱི་རིམ་པ་ཁག་གི་རྒྱལ་ཁབ་ས་ཆའི་སྡེ་ཚན་གྱིས་ཐོ་འགོད་སྒྲིག་གཞི་དང་། ཐོ་འགོད་པའི་གཞི་འཛིན་ས། ཐོ་འགོད་དེབ། ཆ་འཕྲིན་ལས་སྟེགས་བཅས“གཅིག་གྱུར་བཞིའི”བླང་བྱ་ལྟར་གཏན་འཇགས་རྒྱུ་ནོར་གྱི་གཅིག་གྱུར་ཐོ་འགོད་ལས་དོན་ལ་སྐུལ་མ་ཧུར་ཐག་བཏང་ཡོད།
         ད་བར་བོད་ཀྱི་གྲོང་ཁྱེར་(ས་ཁུལ་)བདུན་གྱི་གྲོང་ཁུལ་གཙོ་བོར་ལག་ཁྱེར་གསར་སྤྲོད་རྙིང་པ་མཚམས་འཇོག་གི་ལས་དོན་ཁྱོན་ཡོངས་ནས་གྲུབ་ཟིན་པའི་ནང་། ལྷོ་ཁ་དང་། ཉིང་ཁྲི། ལྷ་ས་བཅས་ཀྱི་རྫོང་གྲོང་ཚང་མས“ལག་ཁྱེར་གསར་སྤྲོད་རྙིང་པ་མཚམས་འཇོག་གི་ལས་དོན”བསྒྲུབས་ཡོད། 2017ལོར་གྲོང་ཁྱེར་(ས་ཁུལ་)དང་། རྫོང་(ཆུས་)གིས་ལག་ཁྱེར་གསར་སྤྲོད་རྙིང་པ་མཚམས་འཇོག་གི་ལས་དོན་བསྒྲུབས་ཚར་བ་བྱ་རྒྱུ་ཡིན་པ་རེད།
         གཞན་ཡང་། བོད་ལ་གྲོང་ཁྱེར་(ས་ཁུལ་)དང་། རྫོང་(ཆུས་)27ཡོད་པ་དེ་དག་རྒྱལ་ཁབ་རིམ་པའི་གཏན་འཇགས་རྒྱུ་ནོར་ཐོ་འགོད་དོ་དམ་ཆ་འཕྲིན་གྱི་ལས་སྟེགས་དང་འབྲེལ་མཐུད་བྱས་ཤིང་། རྒྱལ་ཁབ་ནས་སྤྲད་པའི་ལས་འགན་ཚད་བརྒལ་ངང་བསྒྲུབས་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དགུ་པར་བོད་ཀྱིས་ཉིང་ཁྲི་དང་ལྷ་ས་གྲོང་ཁྱེར་གཉིས་ཀྱི་རྫོང་བཞི་ལ་ལྗོངས་ཡོངས་ཀྱི་གཏན་འཇགས་རྒྱུ་དངོས་གཅིག་གྱུར་ཐོ་འགོད་ཀྱི་ལག་ཁྱེར་ཐོག་མར་སྤྲད་པ་དེས་རྒྱལ་ཡོངས་སུ་གཏན་འཇགས་རྒྱུ་དངོས་གཅིག་གྱུར་ཐོ་འགོད་ལག་ཁྱེར་སྤྲོད་ཁྱོན་ཞིང་ཆེན་རིམ་པ་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། 
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།