འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལིར་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཞི་པར་གཟེངས་བསྟོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མ་ལིར་བསྐྱོད་པའི་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཞི་པའི་ཡན་ལག་རུ་ཁག་གཉིས་དང་མི་གཉིས་ལ་མ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་གཏོང་ཐོན་གྱི་དམག་སྤྱིའི་གཟེངས་བསྟོད་ཐོབ་པ་དང་། གཟེངས་བསྟོད་བྱེད་དོན་ནི་ཁོང་ཚོས་ཞི་བདེ་སྲུང་སྐྱོང་ལས་འགན་སྒྲུབ་པའི་ཁྲོད་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་བས་རེད།
         དམག་སྤྱིའི་གཟེངས་བསྟོད་ནི་ཞི་བདེ་སྲུང་སྐྱོང་ལས་འགན་ཁུལ་གྱིས་ཞི་བདེ་སྲུང་སྐྱོང་དཔུང་སྡེར་སྤྲོད་པའི་གཟི་བརྗིད་ཆེ་ཤོས་དེ་ཡིན། མ་ལིར་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཞི་པའི་སྐུ་སྲུང་དང་སྨན་བཅོས་ཡན་ལག་རུ་ཁག་གཉིས་དང་། བཟོ་སྐྲུན་དམག་ཡན་ལག་རུ་ཁག་གི་བཀོད་འདོམས་དཔོན་ཏུང་རུང་ཆང་། སྨན་བཅོས་ཡན་ལག་རུ་ཁག་གི་བཀོད་འདོམས་དཔོན་པི་ཀོང་ཡོན་བཅས་ལ་གཟི་བརྗིད་མཚན་སྙན་དེ་ཐོབ་ཡོད། གཟེངས་བསྟོད་བཀའ་ཡིག་ནང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་ལས་འགན་སྒྲུབ་པའི་བྱང་ཚད་མཐོ་བ་དང་། བྱ་སྤྱོད་སྤེལ་ནུས་ཆེ་བ། བློས་འགེལ་ཆོག་པ་བཅས་ཡོད་ཅེས་བཤད་པ་རེད།
         2016ལོའི་ཟླ་5ཚེས་27ཉིན་བཀོད་སྒྲིག་དོན་འཁྱོལ་བྱས་ཚུན། མ་ལིར་བསྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་དཔུང་སྡེ་ཁག་བཞི་པས་རིམ་རྩིས་བྱས་ན་ཨར་སྐྲུན་ལས་འགན་ཆེ་ཁག་20ལེགས་སྒྲུབ་བྱས་པ་དང་། བདེ་འཇགས་སྲུང་སྐྱོབ་ཐེངས་374བྱས་པར་སྤྱིའི་ལམ་ཐག་སྤྱི་ལེ་5000ལྷག་ཙམ་ཟིན་པ། རྨས་མ་3000ལྷག་ཙམ་སྐྱོབ་བཅོས་བྱས་པ་དང་འབྲེལ་མ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་གཏོང་ཐོན་གྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་དམིགས་པའི་གཏུམ་སྤྱོད་འཇིགས་སྐུལ་འཇབ་རྒོལ་ལ་གྲུབ་འབྲས་ཐོབ་པའི་ངང་ཐེངས་བཞི་ཁ་གཏད་བཅག་པ་དེ་མ་ལིར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་རིམ་མང་ཕྱོགས་བསྡུས་བརྟན་ལྷིང་ཆེད་གཏོང་ཐོན་གྱིས་གྲུབ་འབྲས་ཐོབ་པའི་ངང་གཏུམ་སྤྱོད་འཇིགས་སྐུལ་འཇབ་རྒོལ་ལ་ཁ་གཏད་བཅག་པའི་དཔེ་མཚོན་གྲས་སུ་བཅུག་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།