འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ནོར་སྲིད་ནས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་དམངས་འཚོ་འགན་ལེན་
    གང་ལེགས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱི་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོར་མ་དངུལ་སྒོར་དུང་ཕྱུར་3911བཏང་བས། ལོ་རེར་ཆ་སྙོམས་18%འཕར་ཏེ་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་སྟེ་ནད་གཞི་ཆེ་གྲས་བོད་ནས་སྨན་བཅོས་ཐུབ་པ་དང་། ནད་གཞི་འབྲིང་གྲས་གྲོང་ཁྱེར་ནས་སྨན་བཅོས་ཐུབ་པ། ནད་གཞི་ཆུང་གྲས་རྫོང་དང་ཆུས་ནས་སྨན་བཅོས་ཐུབ་པ་རགས་ཙམ་མངོན་འགྱུར་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ཀྱིས་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་ཐུབ་པ་དང་། སྦྲུམ་མ་དང་། ཕྲུ་གུ་དམར་འབྱར། བྱིས་པ་བཅས་འཆི་ཚད་ཉུང་དུ་ཕྱིན་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་5000ལྷག་ཙམ་རིན་མི་དགོས་པར་སྨན་བཅོས་ཐུབ་པ། མི་རེའི་ཆ་སྙོམས་ཚེ་ཚད་ལོ་68ཟིན་པ་བཅས་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་ནས་2016ལོའི་སྟོན་དུས་ཀྱི་སློབ་དུས་བར་སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་དེ་ལོར་སློབ་མ་རེར་སྒོར་3240བར་མཐོ་རུ་བཏང་བས། སློབ་ཞུགས་གོང་གི་ལོ་གསུམ་ནས་མཐོ་རིམ་སློབ་འབྲིང་གི་དུས་མཚམས་བར་ཁྱབ་ཅིང་། རྫོང་36རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་ཀྱི་ཞིབ་བཤེར་རྩིས་ལེན་ཐུབ་པ་དང་། རྨང་གཞིའི་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་པ། མཐོ་རིམ་སློབ་གསོའི་འབུམ་རམས་པ་གསོ་སྐྱོང་བྱ་ཡུལ་བསྐྲུན་པ། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཁྱོན་ཡོངས་ནས་འགོ་ཚུགས་པ། ནང་སའི་སློབ་གཉེར་གྱི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་པ་བཅས་རེད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་དུ་རིམ་རྩིས་བྱས་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐུབ་པའི་མི་ཁྲི་16.9གསར་དུ་འཕར་བ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་467གཞན་སྒྱུར་བྱས་པ་མ་ཟད། གྲོང་མིའི་ཡོང་འབབ་མགྱོགས་མྱུར་འཕར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ་2010ལོའི་ལྡབ་1.1དང་ལྡབ་2ཟིན་ཡོད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།