འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་ཀྲོའུ་རུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྤྱི་ཚོགས་འགན་ལེན་གཱ་ཐོག་མར་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་28ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ནུབ་གྲོང་ཁྱེར་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དགུན་དུས་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་ཁྱེར་དུ་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ཚོམ་བུས་བརྒྱན་པས། དེ་བས་དྭངས་ཤིང་གཙང་ལ་མཛེས་སྡུག་རྣམ་པར་བཀྲ་བའི་རྣམ་པ་ཞིག་མངོན། མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྤྱི་ཚོགས་འགན་ལེན་གཱ་ཐོག་མར་སྤྲོད་པའི་མཛད་སྒོ་དེར་གཟབ་རྒྱབ་ངང་འཚོགས་པ་རེད།
         ད་ཐེངས་ཡུལ་ཤུལ་དུ་ཁག་དང་པོའི་གྲས་སུ་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྤྱི་ཚོགས་འགན་ལེན་གཱ་77821སྤྲད་ཅིང་། སྤྱི་ཚོགས་འགན་ལེན་གཱ་དེའི་ནང་འགན་བཅོལ་ནང་ཞུགས་མཁན་གྱི་རུས་མིང་དང་། པར། ཐོབ་ཐང་ལག་ཁྱེར་ཨང་གྲངས། འགན་བཅོལ་གྱི་རིན་བསྡུའི་གནས་ཚུལ་སོགས་སྒེར་གྱི་ཆ་འཕྲིན་བཀོད་པས་སྤྱི་ཚོགས་འགན་ལེན་གཱ་དང་དངུལ་རྩའི་དངུལ་ཁང་གི་ནུས་པ་གཉིས་ལྡན་ཡོད། ཡུལ་ཤུལ་ཀྲོའུ་ཁོངས་གཏོགས་སུ་ད་དུང་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྤྱི་ཚོགས་འགན་ལེན་གཱ་ཁྲི་30ཙམ་རིམ་གྱིས་སྤྲོད་རྒྱུ་ཡིན་པ་རེད།
         2005ལོ་ནས་བཟུང་། ཡུལ་ཤུལ་གྱིས་གྲུབ་འབྲས་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཕྱིས་འབྱུང་ཡུལ་ཤུལ་གྱིས“སྨན་བཅོས་འགན་བཅོལ་ནས་འགོ་འཛུགས་པ་དང་རིམ་གྱིས་རྒྱ་ཆེར་གཏོང་བའི”འཛུགས་སྐྲུན་བསམ་ཕྱོགས་གཞིར་བཟུང་། སྨན་བཅོས་འགན་བཅོལ་ཁྱབ་ཁོངས་སུ་བཀོལ་སྤྱོད་མངོན་འགྱུར་བྱེད་པའི་རྨང་གཞིའི་ཐོག་སྤྱི་ཚོགས་འགན་ལེན་ཁྱབ་ཁོངས་གཞན་གྱི་བཀོལ་སྤྱོད་རྒྱ་ཆེར་བཏང་ནས“མི་གཅིག་ལ་གཱ་གཅིག་དང་། གཱ་གཅིག་ཀུན་འཐུས། ཡུལ་གཞན་དུ་ཡང་སྤྱོད་ཆོག་པ”བཅས་བྱ་རྒྱུ་ཡིན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།