འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཞིང་ཆེན་གྱི་ལྕགས་ལམ་འགག་སྒོ་ཐོག་མ་དེ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུའི་ཆོག་
    མཆན་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་ཁབ་འགག་སྒོ་དོ་དམ་གཞུང་ལས་ཁང་གིས་ལན་ཀྲོའུ་ལྕགས་ལམ་གྱི་དོས་སྒམ་ས་ཚིགས་དེ་གནས་སྐབས་ཀྱི་འགག་སྒོར་བརྩིས་ནས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུར་མོས་མཐུན་བྱ་རྒྱུའི་མཆན་བཀོད་བཀའ་ལན་དངོས་སུ་ཐོབ་པ་དེའི་ནང་ལན་ཀྲོའུ་ཁུལ་གསར་གྱི་ཀྲུང་ཁྲོན་བྱང་ཚུགས་དང་ལན་ཀྲོའུ་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་ཏུང་ཁྲོན་ལྕགས་ལམ་ཟོག་འདྲེན་ལྟེ་གནས་ཀྱི་ལས་སྒྲུབ་ཁུལ་གཉིས་དབྱེ་ཡོད། དེ་ནི་ཀན་སུའུ་ཞིང་ཆེན་གྱི་ལྕགས་ལམ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འགག་སྒོ་ཐོག་མ་དེ་ཡིན་ལ་ཀན་སུའུ་ཞིང་ཆེན་གྱི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འགག་སྒོ་གསུམ་པ་དེའང་རེད། “ལན་ཀྲོའུ་རྟགས་ཅན”གྱི་ཀྲུང་གོ་དང་ཨེ་ཤེ་ཡའི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཐོག་མ་དེའང་དེ་ཉིན་ཕྱིར་ལོག་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ལན་ཀྲོའུ་རྟགས་ཅན”གྱི་ཀྲུང་གོ་དང་ཨེ་ཤེ་ཡའི་དུས་གཏན་མེ་འཁོར་དེ་2015ལོའི་ཟླ་7པར་ཐོག་མར་བཏང་ཚུན་ཟོག་འདྲེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་སྟེ་གཟའ་འཁོར་གཉིས་རེར་དུས་གཏན་མེ་འཁོར་ཐེངས་གསུམ་རེ་གཏོང་བའི་རྒྱུན་རྣམ་ཅན་གྱི་གཉེར་སྐྱོང་ཐུབ་སྟེ་ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་ཁས་ལེན་ཐོབ་པ་ནི་མིག་སྔར་རྒྱལ་ནང་དུ་ཧ་ཅང་བརྟན་ཤོས་དང་ནུས་པ་མཐོ་ཤོས་ཀྱི་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་ཞིག་རེད། ད་ཐེངས་ཕྱིར་ལོག་བྱེད་པའི་ཟོག་འདྲེན་དུས་གཏན་མེ་འཁོར་ནི་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་ནས་ཐོན་པ་དང་དངོས་ཟོག་བསྡོམས་འབོར་ཏུན་1004.84དང་དངོས་ཟོག་གི་རིན་ཐང་ཨ་སྒོར་ཁྲི་211.4ཟིན་གྱི་ཡོད་པ་དེ་ཁུལ་གསར་གྱི་ཕྱོགས་བསྡུས་དཔྱ་ཁྲལ་ཡང་གཏོང་ཁུལ་དུ་སླེབས་ནས་འགག་སྒྲོལ་སྙན་ཞུ་ཞུས་རྗེས་ཧོ་པེའི་པའོ་ཏིང་དུ་བགོ་གཏོང་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།