འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་3Dསྐྱེ་དངོས་ཁྲག་རྩ་པར་འདེབས་ཐེངས་དང་པོ་བྱས་ཏེ་སྲོག་ཆགས་ཀྱི་ལུས་
    ཕུང་ནང་འཇུག་པའི་ཚོད་ལྟ་རང་རྒྱལ་དུ་ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཁྲེང་ཏུའུ་ནས་ཟླ་12ཚེས་11ཉིན། ཀྲུང་དབྱང་རྩ་འཛུགས་པུའི“མི་ཆིག་སྟོང་གི་འཆར་གཞི”ཁག་དང་པོའི་རྒྱལ་ཁབ་ཀྱི་དམིགས་བསལ་གདན་ཞུས་ཀྱི་རིགས་གཅིག་མཁས་ཅན་དང་། ཨ་རིའི་དུག་གི་ཉེས་དམིགས་ཞིབ་འཇུག་ཚན་རིག་ཁང་གི་ཡོན་ཧྲི། སི་ཁྲོན་ལན་ཀོང་དབྱིན་ནོ་སྐྱེ་དངོས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་དང་དབུ་བཞུགས་ཚན་རིག་མཁས་ཅན་གཅིག་ལྕོགས་ཡིན་པའི་དགེ་རྒན་ཆེ་མོ་བ་ཁང་ཡུས་ཅན་གྱིས་གོ་ལ་ཧྲིལ་པོར་དེའི་ཚོགས་པས་འགན་འཁུར་བའི་3Dསྐྱེ་དངོས་པར་འདེབས་ཀྱིས་མིའི་ཐབས་ལ་བརྟེན་ནས་བཟོས་པའི་ཁྲག་རྩའི་ནང་སྐྱི་ཅན་ལ་འགྱུར་བར་སྐུལ་འདེད་ཞིབ་སྤེལ་རྣམ་གྲངས་ལ་ཚད་བརྒལ་ཆེན་པོ་བྱུང་བ་དང་། གོ་ལ་ཧྲིལ་པོའི་ཕྲ་ཕུང་ཨ་མའི་སྐྱེ་དངོས་ཀྱི་གཞི་རྒྱུའི་ལག་རྩལ་ཐོག་མར་བརྟེན་ནས་བཟོས་པའི་3Dསྐྱེ་དངོས་ཁྲག་རྩ་པར་འདེབས་ཀྱིས་གང་གཱའི་སྤྲེའུའི་ལུས་ཕུང་ནང་བདེ་བླག་ངང་བཅུག་ནས་ཁྲག་རྩ་སླར་ཡང་སྐྱེ་ཐུབ་པ་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།