འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“མ་ཡུམ་གཙང་པོ”རྒྱུག་ཁུལ་དུ་ཤིང་འཛུགས་ནགས་བཟོ་བྱས་པས།

    ཐང་རྒོད་ལྗང་མདོག་ཅན་དུ་གྱུར་ལ་མང་ཚོགས་ཀྱང་ཕྱུག་པོ་ཆགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི“མ་ཡུམ་གཙང་པོ”སྟེ་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པའི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་ནི་དེ་སྔོན་རྩྭ་རྐང་གཅིག་ཀྱང་མི་སྐྱེས་པའི་ཐང་རྒོད་ཅིག་རེད། ད་ཆ་རྒྱ་ལྕང་དང་ཡོ་འབོག་སོགས་སྡོང་ཕྲུག་ཁྲི་167བཏབ་པ་ལས་སྔོན་མའི་ཐང་རྒོད་འདི་ཉིད་སྤྱི་ལེ་50ལྷག་ཙམ་ཡོད་པའི“སྣོད་བཅུད་ལེགས་པའི་ནགས་གླིང”ཞིག་ཏུ་གྱུར་ཡོད་པ་རེད།
         རྣམ་གླིང་རྫོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཆོས་བཟང་གིས་2013ལོར་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པའི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་བཏང་ཞིང་། མིག་སྔའི་བར་དཔེ་སྟོན་ཁུལ་གྱི་ནགས་བཟོར་མ་དངུལ་སྒོར་དུང་ཕྱུར་1.57བཏང་བ་དང་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་2.6བྱས་པ་ལས་ཞིང་ཁ་གྲུ་བཞི་ཅན་དང་། ཤིང་ནགས་དྲ་བ་ཅན། ཆུ་ཡུར་མཉམ་མཐུད་ཅན། འགྲོ་ལམ་མཉམ་སྦྲེལ་ཅན་བཅས་ཀྱི་སྣོད་བཅུད་ཆགས་སྟངས་ཤིག་རགས་ཙམ་གྲུབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་ཡོད་པའི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་དུ་ཤིང་འཛུགས་ནགས་བཟོ་བྱས་པ་ལས་གཙང་པོའི་ངོགས་རྣམས་སྔོ་ལྗང་ཅན་དུ་འགྱུར་བ་མ་ཟད་ཞིང་འབྲོག་མང་ཚོགས་རྣམས་ཀྱང་ཕྱུག་འགྱུར་འབབ་འཕར་གྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། ལོ་48སླེབས་པའི་བཀྲ་རྡོར་གྱི་ཁྱིམ་དུ་ནང་མི་བདུན་ཡོད་པ་དང་འདི་ལོའི་ཟླ་བ་བཅུ་གཅིག་པའི་ཟླ་མཇུག་ཏུ་སྣོད་བཅུད་དཔེ་སྟོན་ཁུལ་གནས་སའི་གླིའུ་སྐོག་གྲོང་ཚོར་དབུལ་སྐྱོར་གནས་སྤོས་བྱས་པ་དང་ཁྱིམ་གྱི་ནང་མི་བཞིར་ལོ་ལྟར་སྣོད་བཅུད་ཁ་གསབ་སྒོར་3000བྱུང་བ་མ་ཟད། ད་དུང་ནང་མི་གཅིག་ནགས་སྲུང་པ་བྱ་རྒྱུ་བྱུང་བར་ཟླ་རེར་གླ་ཆ་སྒོར་1200ལེན་རྒྱུ་ཡོད་པ། གཞན་ཡང་རྩྭ་འདེབས་སོགས་ཀྱི་དབུལ་སྐྱོར་རྣམ་གྲངས་བརྒྱུད་ཟླ་རེར་ད་དུང་ཡོང་འབབ་སྒོར་2500ལེན་རྒྱུ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།