འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་ཆེས་སྔོན་ཐོན་གྱི་གནམ་གཤིས་སྲུང་སྐར་ཡིན་པའི་རང་རྒྱལ་གྱི་ཐོན་གསར་
    པའི་བལྟོས་བཅས་འགུལ་མེད་ཀྱི་གནམ་གཤིས་སྲུང་སྐར་འཕེན་གཏོང་
    ལམ་ལྷོངས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་11ཉིན། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཐོ་རེངས་སུ་རང་རྒྱལ་གྱི་ཐོན་གསར་པའི་འགུལ་མེད་གནམ་གཤིས་སྲུང་སྐར་རླུང་སྤྲིན་ཨང་བཞི་པ་01རྟགས་ཅན་བླུག་པའི་རྒྱང་སྐྱོད་ཨང་གསུམ་པའི་རྒྱང་ཚོར་ཁ་པ་42རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་ལམ་ལྷོངས་བྱུང་ཡོད། རླུང་སྤྲིན་ཨང་བཞི་པ་01རྟགས་ཅན་གྱིས་དེང་སྐབས་ཀྱི་གནམ་གཤིས་སྲུང་སྐར་གྱི་ཆེས་སྔོན་ཐོན་གྱི་ཆུ་ཚད་མཚོན་ཞིང་། དེ་ནི་རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་གྱི་རང་བརྟེན་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་ཡིན་པ་དང་འཕེན་གཏོང་ལམ་ལྷོངས་བྱུང་བ་ལས་རང་རྒྱལ་གྱི་བལྟོས་བཅས་འགུལ་མེད་འཁོར་ལམ་གྱི་གནམ་གཤིས་སྲུང་སྐར་རིམ་སྤོར་གསར་བརྗེས་བྱུང་བ་མཚོན་ཡོད། དེས་རང་རྒྱལ་གྱི་གནམ་གཤིས་སྔོན་བརྡ་གཏོང་བ་དང་། གནམ་གཤིས་ཀྱི་གེགས་འགོག་གེགས་སེལ་བྱེད་པ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། གནམ་གཤིས་ཐོན་ཁུངས་གསར་སྤེལ་བྱེད་པ། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་བྱེད་པ། བར་སྣང་གནམ་གཤིས་ལ་ལྟ་ཞིབ་དང་ཉེན་བརྡ་གཏོང་བ་བཅས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་འགྲོ་རྒྱུ་མ་ཟད། གནམ་གཤིས་དང་། ཆུ་བེད། ཞིང་ལས། ནགས་ལས། ཁོར་ཡུག ནུས་རྒྱུ། མཁའ་འགྲུལ། རྒྱ་མཚོ་སོགས་ཀྱི་ཁྱབ་ཁོངས་ནང་རྒྱ་ཁྱབ་ངང་སྤྱོད་རྒྱུ་དང་ལྷག་པར་དུ་རང་རྒྱལ་གྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཐད་ནུས་པ་ཆེན་པོ་འདོན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།