འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།གནམ་གཤིས་གྲང་བ་དང་བསྟུན་ནས་དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་བ་བསུ་འགོ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་2016—2017དགུན་དཔྱིད་གཉིས་ཀྱི་ཡུལ་སྐོར་བ་བསུ་འགོ་བཙུགས་ཤིང་། ཡུལ་སྐོར་རྣམ་གྲངས་མང་པོ་ཞིག་ཟླ་བཅུ་གཅིག་པའི་ཟླ་སྨད་ནས་བཟུང་སྤེལ་འགོ་ཚུགས་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་རང་བྱུང་མཛེས་ལྗོངས་དང་། སྣོད་བཅུད་ཚན་རིག་ཁྱབ་གདལ། ཁང་ཕྱིའི་མཛེས་ལྗོངས་པར་ལེན། རོལ་རྩེད་མཉམ་འགུལ་བཅས་ཀྱི་བརྗོད་བྱ་གཙོ་བོའི་ཡུལ་སྐོར་རྣམ་གྲངས་ཆེན་པོ་བཞི་བཏོན་པ་སྟེ། དཔེར་ན། ས་མཐོའི་དགུན་ཁའི་རང་བྱུང་མཛེས་ལྗོངས་ལ་དམིགས་ནས་དགུན་ཁར་མཚོ་ལ་དར་ཁ་ཆགས་པ་དང་དཔྱིད་ཁར་འཁྱགས་པ་ཞུ་དུས་ཀྱི་ངོ་མཚར་མཛེས་ལྗོངས་མྱོང་རོལ་ཡུལ་སྐོར་སོགས་བཏོན་པ་དང་། ཁང་ཕྱིའི་ཁོར་ཡུག་དང་ཟུང་འབྲེལ་བྱས་ཐོག་མཐོ་གྲང་ལ་འགྲན་སློང་བྱེད་པའི་ཁང་ཕྱིའི་ཡུལ་སྐོར་དང་དགུན་ཁར་མཚོ་སྔོན་པོ་སྐོར་བའི་ཐག་ཐུང་རྐང་འཁོར་འགྲན་བསྡུར་སོགས་བཏོན་པ་ལྟ་བུ་རེད།
        དེ་དང་ཆབས་ཅིག་མཛེས་ལྗོངས་ཁུལ་གྱིས་ལོ་གསར་པ་དང་ཟུང་འབྲེལ་བྱས་ཐོག 2017ལོའི་གནམ་ལོ་གསར་ཚེས་ཀྱི་རྐང་ཐང་མར་མཚོ་སྔོན་པོ་བསྐོར་ནས་ལོ་གསར་པ་བསུ་རྒྱུ་བཏོན་པ་དང་། མཚོ་སྔོན་པོའི་མཐའ་འཁོར་གྱི་ཆོས་ལུགས་དང་དམངས་སྲོལ་རིག་གནས་དང་ཟུང་འབྲེལ་བྱས་ཐོག་བྱེ་མ་ལ་བདུན་ནས་ལ་མོ་སྒར་ཐོག་དགོན་དང་དེ་ནས་རྡུལ་ཕྲན་གྲོང་དུ་སྐྱོད་པའི་ཡུལ་སྐོར་ལམ་ཐིག་སོགས་བཏོན་པ་རེད།
         གཞན་ཡང་། ཟླ་བཅུ་གཅིག་པར་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཡོང་ཉུང་དུས་ཀྱི་སྤ་སེའི་རིན་གོང་ལྟར་ནུ་ལྕེ་མཛེས་ལྗོངས་ཁུལ་དང་། བྱེ་མ་ལ་བདུན་མཛེས་ལྗོངས་ཁུལ། ལྷ་མོའི་གླིང་ཕྲན་མཛེས་ལྗོངས་ཁུལ་བཅས་ཀྱི་སྤ་སེའི་རིན་གོང་50%དང་བྱ་གླིང་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་40%བཅགས་ནས་འཚོང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།