འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀྲུང་གོ་དང་ཡོ་རོབ་དངུལ་ཁང་གི་ཉིན་མོ་སྟེ་རྒྱུད་གཅིག་ལམ་གཅིག"དང་མི་དམངས་
    ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་16ཉིན། འཇར་མན་གྱི་ཧྥ་ལན་ཁེ་ཧྥུའུ་འགྲེམས་ཚོགས་ཀྱི་གྲོས་ཚོགས་ལྟེ་གནས་སུ་ཧྥ་ལན་ཁེ་ཧྥུའུ་ཡོ་སྒོར་དངུལ་རྩ་གཟའ་འཁོར་སྐབས་19པའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཡིན་པའི“ཀྲུང་གོ་དང་ཡོ་རོབ་དངུལ་ཁང་གི་ཉིན་མོ”སྐབས་གསུམ་པ་གཉེར་ཞིང་། ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་ཀྲུང་གོ་དང་འཇར་མན་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་ཀྱིས“རྒྱུད་གཅིག་ལམ་གཅིག”དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བ་སོགས་ཀྱི་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྲོས་བསྡུར་བྱས་པ་རེད།
         ཀྲུང་གོ་དང་ཡོ་རོབ་རྒྱལ་སྤྱི་ཉོ་ཚོང་ཁང་གི་མཉམ་ཞུགས་དབུ་བཞུགས་ལག་བསྟར་དཔོན་ཁྲེན་ཧན་གྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྐུལ་མ་བཏང་བ་དང་སྦྲགས། ས་ཁོངས་བརྒལ་བའི་ཚོང་དོན་དང་ཐད་ཀའི་མ་འཇོག་ནང་མི་དམངས་ཤོག་སྒོར་སྤྱོད་ཚད་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་གཞིའི་ནང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་བར་སྔར་བས་རྒྱབ་སྐྱོར་བྱས་ཏེ་ཀྲུང་གོའི་རྒྱལ་ནང་གི་དངུལ་རྩའི་སྒྲིག་གཞི་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་བ་དང་། མི་དམངས་ཤོག་སྒོར་དང་རྒྱལ་སྤྱིའི་དངོས་ཚན་དཔལ་འབྱོར་འབྲེལ་བ་དམ་དུ་འགྲོ་རྒྱུ་རེད་ཅེས་བརྗོད།
        ཀྲུང་གོ་དངུལ་ཁང་ཧྥ་ལན་ཁེ་ཧྥུའུ་ཡན་ལག་དངུལ་ཁང་གི་ཏུང་ཧྲི་དང་སྤྱི་ཁྱབ་ཅིང་ལི་པེ་ཨེན་ཏེ·མའེ་སི་ཐེས་ཀྲུང་གོ་དངུལ་ཁང་ཧྥ་ལན་ཁེ་ཧྥུའུ་ཡན་ལག་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་ལས་སྒོ་ཞིབ་རྩིས་དངུལ་ཁང་གི་འགན་ལོ་གཉིས་ཁུར་རིང་དུས་ཡུན་རིང་པོར་དངོས་ཚན་དཔལ་འབྱོར་དང་ལྷག་དོན་དུ་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱས་ཏེ་འཇར་མན་དང་ཐ་ན་ཡོ་རོབ་ཀྱི་ས་ཁུལ་གཞན་དག་གི་ངོས་ལེན་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད། ན་ནིང་ཀྲུང་གོ་དངུལ་ཁང་ཧྥ་ལན་ཁེ་ཧྥུའུ་ཡན་ལག་དངུལ་ཁང་གི་མི་དམངས་ཤོག་སྒོར་ཞིབ་རྩིས་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.7ཟིན་གྱི་ཡོད་ཅེས་བརྗོད།
        འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲི་མིང་གིས་འཇར་མན་སྲིད་གཞུང་གིས་སྔར་བས་སྒོ་དབྱེའི་ངང་ཕྱི་རྒྱལ་གྱི་མ་འཇོག་མཁན་ལ་སྔར་བས་སྟབས་བདེ་དང་གུ་ཡངས་པའི་མཐུན་རྐྱེན་བཏོད་ཚེ་དངུལ་རྩ་ལྟ་སྡོམ་ཁྱབ་ཁོངས་ཀྱི་འགོག་རྐྱེན་ཉུང་དུ་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།