འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་འགྱུར་བར་བྱེད་པའི་ལས་སྒོ་ཨ་ཧྥེ་རི་ཁར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོའི་ཟླ་7ཚེས་13ཉིན་ནས་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གིས་ཁེན་ནི་ཡའི་རྒྱལ་ས་ནེ་རོ་པི་རུ་མཛད་སྒོ་གཉེར་ཏེ་དངུལ་ཁང་དེ་ནས་མི་དམངས་ཤོག་སྒོར་གྱི་དངུལ་སྨར་དང་ཁེན་ནི་ཡའི་ཤན་ལིང་སྒོར་མོ་རང་མོས་ངང་བརྗེ་ཆོག་པའི་ཁྱབ་བསྒྲགས་བྱས་པ་རེད།
         སྤྱི་ཁྱབ་པུའུ་ལྷོ་ཨ་ཧྥེ་རི་ཁར་ཡོད་པའི་ཚད་ལྡན་དངུལ་ཁང་ནི་ཨ་ཧྥེ་རི་ཁའི་དངུལ་ཁང་ཆེ་ཤོས་དེ་ཡིན། 2008ལོའི་ལོ་མཇུག་ཏུ་ཀྲུང་གོ་བཟོ་ཚོང་དངུལ་ཁང་གིས་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གི་རྐང་དབང་20%ཉོས་པས་མ་རྐང་འཇོག་མཁན་ཆེ་ཤོས་དེར་གྱུར་ཡོད། ཁེན་ནི་ཡ་ནི་ཝུ་ཀན་ཏའི་རྗེས་དངུལ་ཁང་དེར་མི་དམངས་ཤོག་སྒོར་གྱི་དངུལ་སྨར་རང་མོས་ངང་བརྗེ་ཆོག་པའི་ཨ་ཧྥེ་རི་ཁ་ཤར་མའི་རྒྱལ་ཁབ་གཉིས་པ་དེར་གྱུར་ཡོད།
         2015ལོར་ཀྲུང་གོ་དང་ཁེན་ནི་ཡའི་ཕྱོགས་གཉིས་པོའི་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་ཏེ་2013ལོ་ལས་ལྡབ་གཅིག་ཙམ་འཕར་ཡོད། ཀྲུང་གོ་འདི་ཉིད་ཁེན་ནི་ཡའི་ཉོ་ཚོང་གི་རོགས་ཟླ་ཆེ་ཤོས་དང་། མ་འཇོག་གི་འབྱུང་ཁུངས་རྒྱལ་ཁབ་ཆེ་ཤོས། ལས་གྲྭ་འགན་གཙང་ལེན་མཁན་ཆེ་ཤོས་བཅས་ལ་གྱུར་ཡོད།
         ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་གི་ཏུང་ཧྲི་ཨ་ཧྥེ་རི་ཁ་ཤར་མ་ཁུལ་གྱི་ཀྲུང་གོའི་ལས་སྒོའི་སྤྱི་ཁྱབ་ཅིང་ལི་ཚའོ་མིང་གིས་དཔལ་འབྱོར་གྱི་གཞི་ཁྱོན་ཆེན་པོར་དམིགས་ཏེ་ཀྲུང་གོས་གོ་ལ་ཧྲིལ་པོའི་ཉོ་ཚོང་དང་མ་འཇོག་ཁྱབ་ཁོངས་ནང་ནུས་པ་ཧ་ཅང་ཆེན་པོ་འདོན་བཞིན་ཡོད་པས། མི་དམངས་ཤོག་སྒོར་གྱི་ལས་སྒོ་ཁེན་ནི་ཡ་དང་ཨ་ཧྥེ་རི་ཁར་སྤེལ་རྒྱུར་འཕེལ་རྒྱས་ཀྱི་མདུན་ལམ་ཆེན་པོ་ལྡན་ཡོད། ཕྱི་དངུལ་གྲབས་གསོག་སྣེ་མང་ཅན་གྱི་དགོས་མཁོ་སྐོང་ཆེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་ཀྲུང་དབྱང་དངུལ་ཁང་གིས་མི་དམངས་ཤོག་སྒོར་གྱི་བུན་འཛིན་ཉོས་ཏེ་ཕྱི་དངུལ་གྲབས་གསོག་བྱེད་པ་དང་དེ་ནི་ཁེན་ནི་ཡས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་འགྱུར་བར་སྐུལ་མ་གཏོང་རིང་ཀྲུང་གོ་དང་ཁེན་ནི་ཡ་གཉིས་ཀར་ཕན་པའི་བྱ་ཐབས་ཤིག་ཡིན་ཞེས་བཤད།
         མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས(IMF)ཀྱི་དམིགས་བསལ་དངུལ་ལེན་དབང་ཆའི(SDR)དངུལ་ལོར་ལག་གཟེབ་ནང་ཞུགས་པ་དང་བསྟུན་ནས་ཨ་ཧྥེ་རི་ཁར་མི་དམངས་ཤོག་སྒོར་སྔར་ལས་མང་བ་མཐོང་རྒྱུ་ཡོང་སྲིད་པ་དང་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཕན་ཐོགས་ཡོད་ཅེས་ཚའོ་མིང་གིས་དེ་ལྟར་བཤད།
         ཁེན་ནི་ཡ་ནེ་རོ་པའི་སློབ་ཆེན་གྱི་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཀེ་ལི་སུང·དབྱི་ཆི་ཡ་ལས་སྔོན་མ་མི་དམངས་ཤོག་སྒོར་ཁེན་ནི་ཡ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་དག་ཅིག་ལ་སྐད་གྲགས་དེ་ཙམ་ཆེན་པོ་མེད། དེའི་རྒྱུ་མཚན་གཙོ་བོ་ནི་མི་དམངས་ཤོག་སྒོར་མངའ་ཁོངས་སྒྲོལ་བའི་ཉོ་ཚོང་གི་རྩིས་རྒྱག་སྐབས་རྒྱལ་སྤྱིའི་དངུལ་ལོར་གཙོ་བོ་མིན་པའི་རྐྱེན་གྱིས་རེད། ད་ཆ་མི་དམངས་ཤོག་སྒོར་ཁེན་ནི་ཡའི་དངུལ་ཁང་ཁག་གཅིག་ནས་བརྗེ་པོ་རྒྱག་ཆོག་པ་ལས་ཀྲུང་གོ་དང་ཁེན་ནི་ཡའི་དབར་གྱི་ཉོ་ཚོང་སྔར་ལས་མང་དུ་འགྲོ་ཡི་ཡོད་པ་མཚོན་ཐུབ་ཅེས་བཤད།
         “རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་མ་ཟམ་མི་ཆད་པར་ཟབ་ཏུ་སོང་བ་དང་སྦྲགས། ཁེན་ནེ་ཡར་འགྲོ་མཁན་ཀྲུང་གོའི་ཡུལ་སྐོར་བ་སྔར་ལས་མང་དུ་འགྲོ་སྲིད་པ་དང་སླད་ཕྱིན་ཁེན་ནི་ཡར་མི་དམངས་ཤོག་སྒོར་སྤྱོད་མཁན་སྔར་ལས་མང་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་དབྱི་ཆི་ཡ་ལས་དེ་ལྟར་བཤད།
         ཨོ་ཏེ་ལས་ངོ་སྤྲོད་བྱས་པ་ལྟར་ན། ལྷོ་སུའུ་ཏན་གྱི་ཚོང་པར་མི་དམངས་ཤོག་སྒོར་མཁོ་ཚད་སྔར་ལས་མང་དུ་འགྲོ་བཞིན་ཡོད་པས། ཚད་ལྡན་དངུལ་ཁང་གིས་མི་དམངས་ཤོག་སྒོར་བརྗེ་བའི་ལས་སྒོ་ལྷོ་སུའུ་ཏན་ལ་སྤེལ་རྒྱུའི་བསམ་བློ་གཏོང་བཞིན་ཡོད་པ་རེད།
         ལྷོ་སུའུ་ཏན་གྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣས་ལྷོ་སུའུ་ཏན་ལ་ནང་འདྲེན་བྱས་པའི་ཐོན་ཟོག་60%ཚང་མ་ཀྲུང་གོ་ནས་དབོར་ཞིང་། དེའི་ནང་འཛུགས་སྐྲུན་རྒྱུ་ཆ་དང་འཕྲུལ་ཆས་ཆེ་གྲས་སོགས་ཡོད། མིག་སྔར། ལྷོ་སུའུ་ཏན་གྱི་ཉོ་ཚོང་ཨ་སྒོར་ཐོག་ནས་རྩིས་རྒྱག་རྒྱུ་གཙོ་བོར་བྱེད་པ་དང་དངུལ་ལོར་གྱི་འཛའ་ཐང་འགྱུར་ལྡོག་སོང་བ་དང་དངུལ་ཁང་ནས་རྩིས་ཐོ་སྤོ་དགོས་པའི་དབང་གིས་དངུལ་མི་ཉུང་བ་ཞིག་འགྲོ་ཡི་ཡོད། མི་དམངས་ཤོག་སྒོར་བརྗེ་བའི་ལས་སྒོ་ལྷོ་སུའུ་ཏན་དུ་སྤེལ་ན་རྒྱལ་ཁབ་གཉིས་པོའི་ཉོ་ཚོང་ལ་སྐུལ་མ་ཐེབས་ཏེ་སྟབས་བདེ་མང་པོ་ཞིག་ཡོང་རྒྱུ་ཡིན་པས། ལྷོ་སུའུ་ཏན་གྱི་ཉོ་ཚོང་ལས་རིགས་ཀྱིས་མི་དམངས་ཤོག་སྒོར་བརྗེ་བའི་ལས་སྒོ་ཁོང་ཚོའི་རྒྱལ་ཁབ་ལ་སྤེལ་རྒྱུར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།