འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་གིས་ཨུ་ཀྲུང་འཇིགས་རྒོལ་མཉམ་ལས་གྲོས་ཆོད་ལ་ཆོག་མཆན་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་22ཉིན། ཨུ་རུ་སུའི་གཞུང་ཕྱོགས་ཁྲིམས་ལུགས་ཆ་འཕྲིན་དྲ་ཚིགས་ནས་ཁྱབ་བསྒྲགས་བྱས་པའི་ཡིག་ཆ་གཞིར་བཟུང་། དེ་ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་ལ་མིང་རྟགས་བཀོད་དེ་《འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྲོས་ཆོད་》ལ་ཆོག་མཆན་གནང་བ་རེད།
         མཉམ་ལས་གྲོས་ཆོད་དེར་ཆོག་མཆན་སྤྲོད་པའི་འབྲེལ་ཡོད་ཁྲིམས་ལུགས་ཟླ་11ཚེས་11ཉིན་ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ་(གྲོས་ཁང་འོག་མ་)རུ་གྲོས་འཆམ་བྱུང་བ་དང་ཟླ་11ཚེས་16ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་(གྲོས་ཁང་གོང་མ་)གྱི་མོས་མཐུན་ཐོབ་ཡོད་པ་རེད།
         2011ལོའི་ཟླ་12ཚེས་31ཉིན། ཀྲུང་གོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་《འཇིགས་སྐུལ་རིང་ལུགས་དང་། ཁ་ཕྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཁྲིམས་མཐུན་གྲོས་ཆོད་》ལ་ཆོག་མཆན་སྤྲད་དེ་འཇིགས་རྒོལ་རྒྱལ་སྤྱིའི་མཉམ་ལས་ཐད་གོམ་པ་བརྟན་པོ་ཞིག་སྤོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།