འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ཕྲུ་གུ་དང་ཁྲང་ཀྲོའུ་ཡི་ཆ་སྒྲིག་བྱས་པའི་ཁྱིམ་ཚང་བརྩེ་བ་ཟབ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་25ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁྲང་ཀྲོའུ་དང་བོད་དབར་ལེ་དབར་སྤྱི་ལེ་4200ཡོད་པ་དང་མ་གཞི་ས་ཐག་རིང་མོད། འོན་ཀྱང་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་གིས“རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བྱེད་སྒོ་སྤེལ་བའི་རྐྱེན་གྱིས་ཁྲང་ཀྲོའུ་ཡི་ཁྱིམ་ཚང་162དང་བོད་རིགས་ཕྲུ་གུ་162བདེ་སྐྱིད་ལྡན་པའི་ངང་ཆ་སྒྲིག་བྱས་ནས་ཁྲག་རྒྱུན་མི་འདྲ་བའི་རྒྱ་བོད་དབར་ཁྱིམ་ཚང་གཅིག་ལྟ་བུར་གྱུར་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་གི“རྒྱ་བོད་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ཆ་སྒྲིག་བྱེད་སྒོ་འདི་ལོ་བར་ལོ་བདུན་སྤེལ་ཡོད། ཆ་སྒྲིག་བྱེད་སྒོ་སྐབས་དང་པོར་ཞུགས་མཁན་བོད་རིགས་ཕྲུ་གུ་ཚོ་ད་ལོ་སློབ་ཆེན་འགྲིམ་བཞིན་ཡོད་པ་དང་། མ་གཞི་རྒྱལ་ཡོངས་ཀྱི་ས་ཆ་གང་སར་ཡོད་མོད། འོན་ཀྱང་རྒྱ་བོད་ཆ་སྒྲིག་ཁྱིམ་ཚང་རེ་རེ་དེས་རྐྱེན་པས་ཁ་ཐོར་དུ་ཕྱིན་མེད་ལ། བོད་རིགས་ཕྲུ་གུ་ཚོས་ཁྲང་ཀྲོའུ་ཡི་ཕ་མའི་བཀའ་དྲིན་ཡང་བརྗེད་མེད་པ་དང་ཁོ་ཚོས་ལག་ཐོགས་ཁ་པར་དུ་རང་ཉིད་ཀྱིས་ཁྲང་ཀྲོའུ་ཡི་ཕ་མར་བརྗོད་འདོད་པའི་སེམས་ནང་གི་སྐད་ཆ་བླུགས་ནས་འདི་ལོའི་བྱེད་སྒོ་སྤེལ་ཡུལ་ས་གནས་ས་ཐོག་ཏུ་བསྟན་པས་གསར་དུ་ཆ་སྒྲིག་བྱས་པའི་བོད་རིགས་ཕྲུ་གུ་ཚོ་དང་ཁྲང་ཀྲོའུ་ཡི་ཕ་མར་སེམས་འགུལ་ཚད་མེད་ཐེབས་ཡོད་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་ཁྲང་ཀྲོའུ་གྲོང་ཁྱེར་མི་རིགས་ཆོས་དོན་ཅུས་ཀྱི་འགན་འཁུར་བས་བྱ་དགའ་སྤྲོད་ཐོ་སྒྲོག་སྦྱངས་བྱས་པ་དང་། སྐབས་གསུམ་པའི“ཁྲང་ཀྲོའུ་ཡི་ཕ་མ”ཡག་ཤོས་ཀྱི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་མ་ཟད། ཁོང་ཚོར་གཟེངས་བསྟོད་བུམ་པ་སྤྲད་པ་རེད། ཕྱི་སྐད་སློབ་གྲྭ་དང་ཀྲེང་ཧེང་སློབ་འབྲིང་སོགས་ཀྱི་སློབ་གྲྭའི་འགོ་ཁྲིད་ཀྱིས་སྐབས་བདུན་པའི་ཆ་སྒྲིག་ཁྱིམ་ཚང་གི་འཐུས་མིར་གཅེས་སེམས་དང་བླངས་གཱ་སྤྲད་པ་རེད། ཐག་རིང་བོད་དུ་ཡོད་པའི་ཁྱིམ་བདག་ཚོས་ཀྱང་བརྙན་ལམ་བརྒྱུད་ནས་ཁོང་ཚོས་སློབ་གྲྭ་དང“ཁྲང་ཀྲོའུ་ཡི་ཕ་མར”ཐུགས་རྗེ་ཆེ་ཞུས་པ་དང་བོད་གཞས་《ལྷ་མཚོ་》ཞེས་པ་བཏང་ནས་དེ་གར་ཡོད་པའི“ཁྲང་ཀྲོའུ་ཡི་ཕ་མ”ཚང་མའི་ལྷད་མེད་བརྩེ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་པ་རེད།
         ལོ་རེའི་ཟླ་བརྒྱད་པར་བོད་དུ་ཡོད་པའི་ཕྲུ་གུ་མང་དག་ཅིག་ཁྱིམ་ནས་ཁ་བྲལ་ཏེ་ཁྲང་ཀྲོའུ་རུ་སློབ་གཉེར་བྱེད་པར་འགྲོ་གི་ཡོད་པ་དང་། ཁོ་ཚོ་ཕ་ཡུལ་དང་བྲལ་བས། ནང་མི་དྲན་པ་སོགས་བྱེད་སྐབས་རྒན་ལགས་ཁོ་ནས་རོགས་རམ་བྱེད་ཐབས་བྲལ་བས། 2010ལོ་ནས་བཟུང་ཁྲང་ཀྲོའུ་བོད་ལྗོངས་མི་རིགས་སློབ་འབྲིང་གིས་བོད་རིགས་ཕྲུ་གུ་རེ་རེར་ཁྲང་ཀྲོའུ་རུ་ཡང་ཁྱིམ་ཞིག་དང་གནས་བཅའ་ས་ཞིག་ཡོད་པ་བྱ་ཆེད་ད་ཐེངས་ཀྱི་བྱེད་སྒོ་དེ་སྤེལ་ནས། ཕྲུ་གུ་ཚོར་ཕ་ཡུལ་གཉིས་པ་ཁྲང་ཀྲོའུ་རུ་ཡང་རྟག་ཏུ་གཉེན་ཉེའི་བརྩེ་དུང་དང་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཡོད། “ཁྲང་ཀྲོའུ་ཡི་ཕ་མ”དག་སློབ་གྲྭའི་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྤུས་རྟགས་ལྟ་བུར་གྱུར་ནས་བོད་རྒྱ་མི་རིགས་གཉིས་དབར་གྱི་འགྲོ་འོང་དང་། སྤེལ་རེས། འབྲེལ་འདྲིས་བཅས་ལ་སྐུལ་མ་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།