འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་གྱིས་སྣོད་བཅུད་སྲུང་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ། མཚོ་སྔོན་ཡུལ་ཤུལ་ཀྲོའུ་ཆུ་དམར་ལེབ་རྫོང་གིས“སྣོད་བཅུད་བདག་སྐྱོང་བ་དང་ཡུལ་དམག་ཟུང་འབྲེལ”གྱི་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ཡུལ་དམག་འཛུགས་སྐྱོང་གི་ལམ་བུ་གསར་པ་ཚོད་ཞིབ་བྱས་པར་སྣོད་བཅུད་བདག་སྐྱོང་བའི་རྩ་འཛུགས་དོ་དམ་དང་ཡུལ་དམག་གི་དཔུང་ཁག་འཛུགས་སྐྱོང་ལ་མཉམ་སྐུལ་གཉིས་ཕན་བྱུང་ཡོད།
         གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་ལག་བསྟར་བྱས་པ་དང་བསྟུན་ནས་ཡུལ་ཤུལ་ཀྲོའུ་ཡི་ཡུལ་དམག་དཔུང་ཁག་འཛུགས་སྐྱོང་དེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྤྱི་འདོམས་ཇུས་འགོད་ནང་བཅུག་སྟེ་ཤང་གྲོང་དང་གྲོང་ཚོ་ཁག་ལ་ཁ་ཐོར་བའི་སྣོད་བཅུད་བདག་སྐྱོང་བ་ཚང་མ་ཡུལ་དམག་གི་སྐྱིད་སྡུག་ནང་བཅུག་ཡོད། ས་ཁུལ་དང་དཔུང་སྡེས་མཉམ་དུ་འཛུགས་སྐྱོང་དང་། བདག་སྐྱོང་། སྦྱོང་བརྡར། བེད་སྤྱོད་བཅས་བྱས་ནས་དམག་མི་གཅིག་གིས་གོ་མང་པོ་ཆོད་པ་དང་། ཆེད་ལས་གཅིག་གིས་ནུས་པ་མང་པོ་ཐོན་པ། དམག་དམངས་མཉམ་འདྲེས་ཐུབ་པ། ཞིབ་ལས་ནུས་ཆེ་ཐོན་པ་བཅས་ཀྱི་དམིགས་ཡུལ་སྒྲུབ་པ་དང་སྣོད་བཅུད་བདག་སྐྱོང་བའི་ལས་གནས་འགན་ནུས་བལྟོས་བཅས་ཀྱིས་རྐྱང་པ་ཡིན་པ་དང་རྩ་འཛུགས་ཅན་གྱི་སྐོར་སྲུང་ནུས་པ་དང་ཆུ་ཚད་ཅུང་དམའ་བ་དང་རྒྱུན་གཏན་གྱི་དོ་དམ་ནུས་པ་བལྟོས་བཅས་ཀྱིས་ཉམས་ཞན་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་སྣོད་བཅུད་བདག་སྐྱོང་བའི་རྩ་འཛུགས་དོ་དམ་དང་ཡུལ་དམག་གི་དཔུང་ཁག་འཛུགས་སྐྱོང་ལ་མཉམ་སྐུལ་གཉིས་ཕན་བྱུང་ཡོད།
         དམག་དོན་སྦྱོང་བརྡར་དང་སྣོད་བཅུད་སྐོར་སྲུང་ལས་དོན་ཟུང་འབྲེལ་བྱས་ཏེ“དུས་རྒྱུན་ནས་སྣོད་བཅུད་སྲུང་སྐྱོང་འཛུགས་སྐྱོང་ནང་ཞུགས་པ་དང་། མྱུར་དཀའ་ཉེན་ལྕིའི་ལས་འགན་འཕྲལ་དུ་སྒྲུབ་པ། དམག་འཁྲུག་སྐབས་སུ་དམག་ཞུགས་མདུན་སྐྱོར་གྱི་འགན་ནུས་སྒྲུབ་པ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཡུལ་དམག་དཔུང་ཁག་གིས་རྒྱུན་དུ་རྩྭ་རི་བདག་སྐྱོང་དང་། ལྐོག་རྔོན་ལ་རྡུང་རྡེག ནགས་སྲུང་མེ་ཟོན། ཁོར་ཡུག་གཙང་སྦྲ་སོགས་ཀྱི་ལས་འགན་འཁུར་དགོས་པ་དང་འབྲེལ། སྒྲིག་འཛུགས་ཡོད་པའི་སྒོ་ནས་སྣོད་བཅུད་འདུ་འགོད་འཛུགས་སྐྱོང་ལས་འགན་ཆེན་པོའང་འཁུར་དགོས། དེ་དང་དུས་མཚུངས། དམག་མི་དང་ས་གནས་འབྲེལ་ཡོད་སྡེ་ཚན་གྱིས་ལག་རྩལ་གསོ་སྦྱོང་བྱེད་པ་དང་། མ་དངུལ་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། གནད་སྨིན་དབུལ་སྐྱོར་བྱེད་པ་སོགས་ཀྱི་ཐབས་ལམ་མང་པོ་བརྒྱུད་ཡུལ་དམག་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རོགས་བྱས་པ་དང་འབྲེལ། ཡུག་སྦྲེལ་གྱིས་གྲོང་ཚོ་དང་ཤང་(གྲོང་རྡལ་)ཧྲིལ་པོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།