འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི“ཀྲུང་གོའི་དཔེ་དེབ་ལྟེ་གནས”ཕེ་རུར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་20ཉིན། གོང་ཚེས་ཉིན། ཕེ་རུའི“ཀྲུང་གོའི་དཔེ་དེབ་ལྟེ་གནས”ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་རྒྱལ་ས་ལི་མའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་གཉེར་བ་རེད།
         ཕེ་རུའི“ཀྲུང་གོ་དཔེ་དེབ་ལྟེ་གནས”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཐིང་གི་མཛུབ་སྟོན་འོག ཀྲུང་གོ་ཕྱི་ཡིག་ཅུས་དང་ཕེ་རུའི་རྒྱལ་ཁབ་དཔེ་མཛོད་ཁང་གིས་མཉམ་དུ་བཙུགས་པ་དེ་གླིང་ཆེན་ཨ་མེ་རི་ཁར་བཙུགས་པའི་ཀྲུང་གོའི་དཔེ་དེབ་ལྟེ་གནས་ཐོག་མ་དེ་ཡིན་པ་རེད།
         ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུང་དབྱང་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གི་ཀྲུའུ་རེན་ཧོང་ཁུན་མིང་གིས་སྒོ་བྱང་གི་ཡོལ་བ་ཕྱེ་བའི་ཤིས་ཚིག་ནང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕེ་རུར་རྒྱལ་དོན་འཚམས་འདྲི་གནང་བ་དང་སྦྲགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུར་ཞུགས་སྐབས། ང་ཚོས་ཕེ་རུའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་གཟབ་རྒྱས་ངང་ཀྲུང་གོའི་དཔེ་དེབ་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་ནས། མཉམ་དུ་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་ཐད་ཀྱི་སྤེལ་རེས་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་དཔང་པོ་བྱས་པ་འདིར། དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་གོའི་དཔེ་དེབ་ལྟེ་གནས་ཀྲུང་གོ་དང་ཕེ་རུ་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་དང་གཉེར་སྐྱོང་ཞིབ་ཚགས་བྱས་པ་ལས་མ་འོངས་པར་ཕེ་རུ་མི་དམངས་ལ་ཀྲུང་གོའི་རིག་གནས་སྟོན་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་ལ། ཀྲུང་གོ་ཕེ་རུའི་རིག་གནས་ཤེས་ཡོན་ལས་རིགས་ཀྱི་ཡིད་དབང་འགུགས་པའི་ཡིད་འོང་ཕོ་བྲང་ཞིག་ཀྱང་ཆགས་རྒྱུ་རེད། འདིར་ཕུན་སུམ་ཚོགས་པའི་ཀྲུང་གོའི་དཔེ་དེབ་ཡོད་པ་དེས་ཕེ་རུ་མི་དམངས་ཀྱིས་ཀྲུང་གོའི་ལོ་རྒྱུས་ལ་ཤེས་རྟོགས་དང་དེང་རབས་ཀྲུང་གོར་ངོས་འཛིན་དེ་བས་ཡག་པ་ཐུབ་རྒྱུ་རེད།
         ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་རྒྱལ་ཁབ་དཔེ་མཛོད་ཁང་ལ་ཀྲུང་གོའི་བརྗོད་བྱ་གཙོ་བོའི་དཔེ་དེབ་གྲངས་1000ཕུལ་བའི་ནང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་རྒྱལ་བབ་གསལ་བའི་དཔེ་དེབ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།