འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་བདེ་ཐང་ཡར་སྐུལ་ཚོགས་ཆེན་ཐོག་ཧྲང་ཧའེ་བསྒྲགས་གཏམ་སྤེལ་ནས་བདེ་
    ཐང་བཅོས་སྒྲིག་གི་ཇུས་གཞི་གསར་པ་འཆར་འགོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། མིག་སྔར། གོ་ལ་ཧྲིལ་པོར་བདེ་ཐང་གི་འཇིག་ཉེན་རྒྱ་ཁྱབ་ངང་གནས་པས། མི་དུང་ཕྱུར་བདུན་ཅུའི་བདེ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ཚེས་21ཉིན། ཧྲང་ཧའེ་རུ་འཚོགས་པའི་གོ་ལ་ཧྲིལ་པོའི་བདེ་ཐང་ཡར་སྐུལ་ཚོགས་ཆེན་སྐབས་དགུ་པའི་ཐོག་《2030རྒྱུན་མཐུད་འཕེལ་རྒྱས་ཁྲོད་ཀྱི་བདེ་ཐང་ཡར་སྐུལ་ཧྲང་ཧའེ་བསྒྲགས་གཏམ་》སྤེལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཚང་མའི་བདེ་ཐང་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བདེ་ཐང་བཅོས་སྒྲིག་ལ་ཇུས་གཞི་གསར་པ་འཆར་འགོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད་པ་རེད།
         བསྒྲགས་གཏམ་ཁྱོན་ཁག་བདུན་དུ་དབྱེ་ཡོད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཐད་ཀྱི་བདེ་ཐང་ངོས་འཛིན་གྱི་གལ་ཆེའི་རང་བཞིན་དང་། གྲོང་ཁྱེར་དང་སྡེ་ཁུལ་གྱི་བདེ་ཐང་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་སྐུལ་སློང་དང་རྒྱ་ཁྱབ་ངང་ཞུགས་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་མང་པོའི་ཐད་ནས་གྲོས་གཞི་བཏོན་ཏེ། བདེ་ཐང་ནི་སྲིད་གཞུང་གི་སྲིད་ཇུས་ཀྱི་གཙོ་རྐང་ཞིག་ཏུ་བརྩིས་ཐོག་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་ཁག་ལ་མཉམ་ལས་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་དང་ཆབས་ཅིག རྒྱལ་ཁབ་ཁག་གི་སྲིད་གཞུང་ལ་བདེ་ཐང་ཡར་སྐུལ་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་འཇུག་རྒྱུའི་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད།
         ཉིན་རེ་བཞིན་མང་དུ་འགྲོ་བཞིན་པའི་བདེ་ཐང་འགྲན་སློང་ལ་དམིགས་ནས། བསྒྲགས་གཏམ་ནང་། བདེ་ཐང་ཡར་སྐུལ་ཐད“གཅིག་ཀྱང་མི་ལུས་པ་བྱེད་པར”སྡེ་ཚན་དང་ས་ཁོངས་བརྒལ་བའི་ཆབ་སྲིད་བྱ་སྤྱོད་སྤེལ་དགོས་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་མཉམ་འབྲེལ་བྱ་སྤྱོད་སྤེལ་ནས་བུད་མེད་དང་། ཕྱོགས་མི། འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་ཉམས་ཉེན་གྱི་ཤུགས་རྐྱེན་ཕོག་མཁན་བཅས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
         བསྒྲགས་གཏམ་ནང་སྲིད་གཞུང་གིས་བདེ་ཐང་བཅོས་སྒྲིག་ཡག་པོ་བྱེད་ཐད་བླང་བྱ་བཏོན་ཡོད་པ་སྟེ། སྲིད་གཞུང་གིས་ཐོབ་ཐུབ་པའི་ལམ་སྲོལ་ནུས་ལྡན་བེད་སྤྱོད་གང་ལེགས་བྱས་ནས་བདེ་ཐང་སྲུང་སྐྱོང་བྱེད་དགོས་པ་མ་ཟད། ད་དུང་སྤྱི་པའི་སྲིད་ཇུས་བརྒྱུད་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་གཏོང་དགོས་པ་དང་། བདེ་ཐང་མིན་པའི་ཐོན་རྫས་ཐད་ཁྲིམས་འཛུགས་དང་། བཀག་སྡོམ། ཁྲལ་བསྡུ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ནོར་སྲིད་སྲིད་ཇུས་དེ་ཡོ་བྱད་ནུས་ལྡན་ཞིག་ཏུ་བརྩིས་ནས་བདེ་ཐང་དང་བདེ་སྐྱིད་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྤྱི་པའི་འཕྲོད་བསྟེན་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་ཡོངས་བདེ་ཐང་ཡོང་བར་བྱ་རྒྱུ་དེ་བདེ་ཐང་དང་ནོར་སྲིད་སྲུང་སྐྱོང་ཐུབ་པར་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཏུ་བརྩི་དགོས་པ། སྲིད་ཇུས་ཀྱི་ཁ་གསལ་གཏིང་གསལ་ཡིན་ཚད་དང་སྤྱི་ཚོགས་འགན་འཁྲི་བདའ་འདེད་ལམ་ལུགས་འགན་ལེན་བྱས་ནས་སྤྱི་ཚོགས་ཞུགས་ཚད་མཐོ་རུ་གཏོང་དགོས་པ། རྒྱལ་མཚམས་བརྒལ་བའི་བདེ་ཐང་གནད་དོན་ལ་ཁ་གཏད་སྔར་བས་ཡག་པོ་གཅོག་པའི་གོ་ལ་ཧྲིལ་པོའི་བཅོས་སྒྲིག་ནུས་པ་ཆེ་རུ་གཏོང་དགོས་པ། བདེ་ཐང་ཡར་སྐུལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཁྲོད་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་སྲོལ་རྒྱུན་གསོ་རིག་གི་གལ་ཆེའི་རང་བཞིན་དང་རིན་ཐང་སྔོག་འདོན་གང་ལེགས་བྱེད་དགོས་པ་བཅས་སོ།
         ཟླ་11ཚེས་21ནས་24ཉིན་བར་ཧྲང་ཧའེ་རུ་འཚོགས་པའི་གོ་ལ་ཧྲིལ་པོའི་བདེ་ཐང་ཡར་སྐུལ་ཚོགས་ཆེན་སྐབས་དགུ་པ་ནི་ཀྲུང་གོ་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།