འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འབར་མར་ཡོད་པའི་ཀྲུང་གོའི་
    སྤྱི་དམངས་ལ་བདེ་འཇགས་ལ་ཡིད་གཟབ་བྱེད་དགོས་པའི་དྲན་སྐུལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་21ཉིན། ཚེས་20ཉིན། འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་འབར་མའི་ལྷོ་རྒྱུད་དུ་ཐོན་པའི་དམག་དོན་གདོང་ཐུག་ཐད་གསལ་བསྒྲགས་སྤེལ་ནས་གདོང་ཐུག་བྱུང་བའི་ཕྱོགས་ཁག་གིས་བཟོད་སྒོམ་བྱ་རྒྱུའི་རེ་བ་བཏོན་པ་དང་། འབར་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚོས་བདེ་འཇགས་ལ་ཡིད་གཟབ་བྱ་རྒྱུའི་དྲན་སྐུལ་ཡང་བྱས་པ་རེད།
         གསལ་བསྒྲགས་ནང་། ཚེས་20ཉིན། འབར་མའི་སྲིད་གཞུང་དམག་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དྲག་ཆས་ཁག་གཅིག་དབར་འབར་མའི་ལྷོ་རྒྱུད་ཀྲུང་གོ་དང་ཐག་ཉེ་བའི་ས་ཁུལ་དུ་དམག་དོན་གདོང་ཐུག་བྱུང་ནས་འབར་མའི་མཐའ་མཚམས་ཀྱི་མང་ཚོགས་ཁག་གཅིག་ཟིང་འཁྲུག་གཡོལ་ཆེད་ཀྲུང་གོའི་མངའ་ཁོངས་སུ་སླེབས་ཡོད། ཀྲུང་གོའི་ས་གནས་སྲིད་གཞུང་གིས་མི་ཆོས་རིང་ལུགས་ལ་བསམ་གཞིག་བྱས་ཏེ་ཁོང་ཚོ་གནས་སྐབས་རིང་ཉར་བ་དང་འབྲེལ། རྨས་སྐྱོན་ཕོག་མཁན་ཀྲུང་གོ་ཕྱོགས་ཀྱི་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ཅེས་གསུངས་པ་རེད།
         གསལ་བསྒྲགས་ནང་འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་དུས་བབ་འགྱུར་ལྡོག་འགྲོ་ཚུལ་ལ་དོ་སྣང་ཡང་ཡང་བྱ་རྒྱུ་དང་གདོང་ཐུག་བྱུང་བའི་ཕྱོགས་ཁག་གིས་བཟོད་སྒོམ་བྱས་ཏེ་འཕྲལ་དུ་དམག་རྒྱག་མཚམས་བཞག་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཀྲུང་གོ་དང་འབར་མའི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་གང་མགྱོགས་སླར་གསོ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         གསལ་བསྒྲགས་ནང་འབར་མར་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་གདོང་ཐུག་བྱུང་བའི་ས་ཁུལ་དུ་སྐྱོད་མི་རུང་བའི་དྲན་སྐུལ་བྱས་པ་དང་འབྲེལ། གཞུང་ཚབ་ཆེ་མོ་ཁང་གི་ཁ་པར་ཨང་གྲངས་0095-943209657(འབར་མར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང) 0095-9259172726(མན་ཏ་ལར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ཁང)ཁྱབ་བསྒྲགས་བྱས་པ་རེད།
         ས་གནས་ཀྱི་སྨྱན་སྦྱོར་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་20ཉིན། འབར་མའི་ཧྲན་པང་མུའུ་ཅེ་ས་ཁུལ་དང་མུའུ་ཅེའི་105ཉོ་ཚོང་ཁུལ་ཉེ་འགྲམ་གྱི་དམག་ཕྱོགས་དང་ཉེན་རྟོག་གི་སོ་ལྟ་ཁང་ལ་གྲངས་ཉུང་མི་རིགས་ས་ཁུལ་དྲག་ཆས་ཀྱིས་ཚུར་རྒོལ་བྱས་ནས་ཕན་ཚུན་དམག་བརྒྱབ་པ་བརྒྱུད་ཉུང་མཐར་ཡང་མི་10ལྷག་ཙམ་ཤི་རྨས་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།