འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནང་བྱ་དགའ་ཐོབ་མཁན་
    མི་10ཡི་རྟགས་མ་རྩིས་མེད་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ངར་ཤུགས་སྨན་སླར་ཡང་ཞིབ་དཔྱད་བྱས་པའི་ཁྲོད་གནད་དོན་རྩད་ཆོད་པར་བརྟེན་ཉིན་ཤས་གོང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་པེ་ཅིང་ཨོ་རྩལ་འགྲན་ཚོགས་ནང་བྱ་དགའ་ཐོབ་མཁན་མི་10ཡི་རྟགས་མ་རྩིས་མེད་བཏང་བ་རེད།
         མིག་སྔར། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ཚན་རྩལ་བྱེད་ཐབས་གསར་པ་སྤྱད་དེ་པེ་ཅིང་ཨོ་རྩལ་འགྲན་ཚོགས་དང་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་པ་1000ལྷག་ཙམ་གྱི་མ་དཔེར་སྨན་རྫས་བསྐྱར་ཞིབ་ཚད་ལེན་བྱས་པ་རེད།
         རྟགས་མ་རྩིས་མེད་དུ་གཏོང་བའི་ལུས་རྩལ་པ་10ཡི་ནང་ཨུ་རུ་སུའི་མི་3དང་། ཧ་སག་སི་ཐན་གྱི་མི་3 ཡུག་རེན་གྱི་མི་2 ཨ་ཟེར་བྷེ་ཇན་དང་ཀེ་རི་སེ་སོ་སོ་ནས་མི་1བཅས་ཡོད་པ་རེད།
         རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱིས་ངར་ཤུགས་སྨན་གྱི་སྨན་རྫས་བསྐྱར་ཞིབ་ཚད་ལེན་བྱས་པ་དེ“གཞུང་དྲང”གི་ལུས་རྩལ་པར་བཏང་སྙོམས་ཀྱི་འགྲན་སྟེགས་ཤིག་མཁོ་འདོན་བྱ་རྒྱུའི་ཆེད་དུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།