འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིང་ཁུན་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཞི་ལམ་རྒྱུད་དུ་རླངས་འཁོར་གྱི་དོན་རྐྱེན་བྱུང་སྟེ་མི་
    གྲངས་17གྲོངས་པ་དང་མི་གྲངས་37རྨས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཅིང་ཁུན་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཞི་ལམ་རྒྱུད་དུ་རླངས་འཁོར་གྱི་དོན་རྐྱེན་བྱུང་སྟེ་མི་
གྲངས་17གྲོངས་པ་དང་མི་གྲངས་37རྨས་བྱུང་བ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧྲན་ཞི་ཞིང་ཆེན་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ནས་ཆ་རྒྱུས་ལོན་པ་ལྟར་ན། ཟླ་11ཚེས་21ཉིན་གྱི་ཆུ་ཚོད་9པར། ཅིང་ཁུན་མྱུར་བགྲོད་གཞུང་ལམ་ཧྲན་ཞི་ཞིང་ཆེན་ཕིན་དབྱང་ལམ་རྒྱུད་ཀྱི་ཐའེ་ཡོན་ཕྱོགས་ཀྱི་65KM+500Mམཚམས་སུ། སྨུག་པ་འཐིབས་པ་དང་ལམ་ངོས་རླན་གཤེར་ཆེ་བའི་དབང་གིས་རླངས་འཁོར་མང་པོ་ཞིག་སྔ་གཞུག་རྡུང་ག་ཐེབས་པའི་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་རེད། བརྟག་དཔྱད་རགས་ཙམ་བྱས་པར་གཞིགས་ན། རླངས་འཁོར་56ཙམ་རྡུང་ག་ཐེབས་ཡོད་ལ། མི་གྲངས་17རྐྱེན་ལམ་དུ་ཤོར་བ་དང་མི་གྲངས་37རྨས་སྐྱོན་ཕོག་ཡོད་པས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།
         དོན་རྐྱེན་བྱུང་རྗེས། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་དང་མེ་གསོད་མེ་འགོག་རུ་ཁག  སྨན་བཅོས་མྱུར་སྐྱོབ་སོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་མར་མྱུར་སྐྱོབ་ལས་ཀ་དང་དོན་རྐྱེན་ཐག་གཅོད་ལས་ཀ་བཀོད་སྒྲིག་བྱས་ཏེ་དོན་རྐྱེན་བྱུང་ཡུལ་རང་དུ་བསྐྱོད་པ་རེད། ད་ལྟ། དོན་རྐྱེན་བྱུང་ཡུལ་དུ་མྱུར་སྐྱོབ་ལས་ཀ་བྱེད་བཞིན་ཡོད་པ་རེད།
    ༄༅།།ཅིང་ཁུན་མྱུར་བགྲོད་གཞུང་ལམ་གྱི་ཧྲན་ཞི་ལམ་རྒྱུད་དུ་རླངས་འཁོར་གྱི་དོན་རྐྱེན་བྱུང་སྟེ་མི་
གྲངས་17གྲོངས་པ་དང་མི་གྲངས་37རྨས་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།