འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐམ་ས་ཆེ་མོའི་མཁས་དབང་10འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚན་རིག་
    ཁང་གི་ཡོན་ཧྲིར་བདམས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་23ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རུ་ཝང་ཏའི་རྒྱལ་ས་ཁི་ཀ་ལིའི་གྲོང་ཁྱེར་དུ་འཚོགས་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི་ཚོགས་ཆེན་སྐབས་ཉེར་བདུན་པའི་ཐོག་རྒྱལ་ཁབ་དང་ས་ཁུལ་མང་པོའི་ཚན་རིག་མཁས་ཅན་40འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པའི་ཁྲོད་ཀྲུང་གོའི་སྐམ་ས་ཆེ་མོའི་ཚན་རིག་མཁས་ཅན་10ཡོད། ཚོགས་འདུའི་ཐོག་ལོ་འཁོར་དེའི་ཚན་རིག་བྱ་དགའ་9ཁྱབ་བསྒྲགས་བྱས་པའི་ནང་བྱ་དགའ་2ཀྲུང་གོ་ཚན་རིག་མཁས་ཅན་ལ་ཐོབ་ཡོད།
         ད་ཐེངས་ཀྱི་ཚོགས་ཆེན་ནང་གསར་དུ་ཡོན་ཧྲིར་བདམས་པའི་ཀྲུང་གོའི་སྐམ་ས་ཆེ་མོའི་ཚན་རིག་མཁས་ཅན་10ནི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་རྒྱུད་འཛིན་དང་སྐྱེ་འཕེལ་ཞིབ་འཇུག་ཁང་གི་ཚའོ་ཞའོ་ཧྥེང་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ལན་ཀྲོའུ་སློབ་ཆེན་གྱི་ཁྲེན་ཧྥ་ཧུའུ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་པེ་ཅིང་སློབ་ཆེན་གྱི་ཀྲང་ཕིང་དབུན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་ཞིབ་འཇུག་ཁང་གི་ཝང་ཝུའེ་ཧྭ། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་ནུས་ཆེའི་དངོས་ཁམས་ཞིབ་འཇུག་ཁང་གི་ཝང་དབྱི་ཧྥང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཆིང་ཧྭ་སློབ་ཆེན་གྱི་ལི་ཕེང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧུའུ་ནན་སློབ་ཆེན་གྱི་ཐན་ཝུའེ་ཧུང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཅི་ལིན་སློབ་ཆེན་གྱི་ཡུས་ཅི་ཧུང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཀྲུང་གོ་ཚན་རིག་ཁང་གི་ལན་ཀྲོའུ་རྫས་འགྱུར་རིག་པ་དངོས་ཁམས་ཞིབ་འཇུག་ཁང་གི་ལིའུ་ཝུའེ་མིན། པེ་ཅིང་སློབ་ཆེན་གྱི་ཀྲེང་ཞའོ་དབྱིང་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།