འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རིག་གནས་པུའུ་ཡིས་དྲ་ཐོག་རོལ་རྩེད་གཉེར་སྐྱོང་སྡེ་ཚན་36རྩད་ཞིབ་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་22ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་རིག་གནས་པུའུ་ཡིས་དྲ་ཐོག་རོལ་རྩེད་ཚོང་རར་སྐབས་བསྟུན་ཟུར་བཤེར་བྱས་འབྲས་ཁག་དང་པོ་ཡོངས་བསྒྲགས་བྱས་ཤིང་། དྲ་ཐོག་རོལ་རྩེད་གཉེར་སྐྱོང་སྡེ་ཚན་200ལ་སྐབས་བསྟུན་ཟུར་བཤེར་བྱས་པའི་ཁྲོད་པེ་ཅིང་གི་ཅི་དགར་རོལ་རྩེད་དུས་རབས་གྲངས་འཛིན་ལག་རྩལ་ཚད་ཡོད་ཀུང་སི་དང་། ཧྲེན་ཀྲེན་རོལ་རྩེད་གསར་པ་འཛམ་གླིང་ཚན་རྩལ་ཚད་ཡོད་ཀུང་སི་སོགས་དྲ་ཐོག་རོལ་རྩེད་གཉེར་སྐྱོང་སྡེ་ཚན་36ཟུར་བཤེར་ལ་ཚད་གཞི་མ་ལོངས་པ་རེད།
        གསར་འགོད་པས་རིག་གནས་པུའུ་ཡི་རིག་གནས་ཚོང་ར་ནས་ཤེས་གསལ་ལྟར་ན། དྲ་ཐོག་རོལ་རྩེད་གཉེར་སྐྱོང་སྡེ་ཚན་36དེ་དག་ལ་འདོད་ལོག་དང་། རྒྱན་འཛུགས། ངན་བསླབ་ཉེས་གསོག སྤྱི་ཚོགས་ཀྱི་སྤྱོད་ལམ་ལས་འགལ་བ་སོགས་བཀག་སྡོམ་ནང་དོན་སྒྲོག་སྤེལ་བྱས་པའི་དྲ་ཐོག་རོལ་རྩེད་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱས་པའི་དོགས་གཞི་ཡོད་པས། རིག་གནས་པུའུ་ཡིས་པེ་ཅིང་དང་། ཧྲང་ཧའེ། ཀྲེ་ཅང་སོགས་ས་གནས་ཀྱི་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་བསྟར་ལས་ཁུངས་ཀྱིས་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱས་པ་རེད། 
         བྱ་རིམ་རྗེས་མར་རིག་གནས་པུའུ་ཡིས་མུ་མཐུད་དུ་དྲ་ཐོག་རོལ་རྩེད་ཚོང་རར་སྐབས་བསྟུན་ཟུར་བཤེར་ལས་དོན་སྤེལ་རྒྱུ་ཡིན་པ་དང་། ལས་རིགས་སུ་འབྲེལ་ཡོད་གྱོད་དོན་དཔེ་མཚོན་བརྡ་ཁྱབ་བཏང་ནས་ཉེན་ཟོན་སློབ་གསོ་སྤེལ་བ་དང་། སྲིད་ཇུས་དང་ཁྲིམས་སྲོལ་གསལ་སྟོན་བྱས་ནས་སྲིད་འཛིན་ཐོག་ནས་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།